འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དངུལ་རྩའི་ཞབས་ཞུའི་མ་ལག་རགས་ཙམ་ཆགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རིག་གནས་དངུལ་རྩ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་རིག་གནས་དངུལ་རྩའི་ཞབས་ཞུའི་མ་ལག་ཅིག་རགས་ཙམ་ཆགས་ཡོད། འདི་ནི་གསར་འགོད་པར་2015ལོའི་རིག་གནས་དངུལ་རྩའི་གླེང་སྟེགས་ཐོག་ནས་ཤེས་རྟགས་བྱུང་བ་ཞིག་རེད།
         སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་གྱིས་གནས་བབ་གཙོ་བོ་བཟུང་ཡོད་པ། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དངུལ་དཔེར་བཞག་ན། ནོར་སྲིད་པུས་ཉིན་ཤས་གོང་2015ལོ་འཁོར་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དངུལ་སྒོར་དུང་ཕྱུར་50གཤམ་སྤྲོད་བྱས་ནས་རྣམ་གྲངས་850ལ་རྒྱབ་སྐྱོར་བྱས་པ་དང་རྣམ་གྲངས་ཀྱི་གྲངས་འབོར་དེ་2014ལོ་ལས་6.25%མང་དུ་ཕྱིན་ཡོད། འདི་ནི་ཀྲུང་དབྱང་རིམ་པས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དངུལ་འབའ་ཞིག་ཡིན་པ་དང་མིག་སྔའི་བར་ཀྲུང་གོའི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་242བཏང་བ་དང་རྣམ་གྲངས་4100ལྷག་ཙམ་ལ་རྒྱབ་སྐྱོར་བྱས་ནས་རིག་གནས་སྒྲིག་གཞི་སྒྱུར་བཅོས་དང་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
         ཚོང་ལས་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ། རིག་གནས་ཐོན་ལས་ཀྱི་ཐད་ཀའི་མ་དངུལ་བསྡུ་སྒྲིལ་དང་བར་བརྒྱུད་མ་དངུལ་བསྡུ་སྒྲིལ་དེས་བསྡུར་གྲངས་བཟུང་ཚད་མཐོ་པོ་མེད་ནའང་། ཚོང་ལས་རང་བཞིན་གྱི་དངུལ་རྩའི་མ་དངུལ་གཏོང་བའི་སྤྲོ་སེམས་སྔར་བཞིན་ཆེན་པོ་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། རིག་གནས་སྨྱན་སྦྱོར་རིགས་ཀྱི་ཁེ་ལས་63ཡོད་པར་མ་དངུལ་སྒོར་དུང་ཕྱུར་17བསྡུ་སྒྲིལ་བྱས་པ་དང་། རིག་གནས་ཐོན་ལས་ཀྱི་བུན་འཛིན་ཁྲོམ་རའང་འཕེལ་རྒྱས་མགྱོགས་མྱུར་འགྲོ་བཞིན་ཡོད།
         དམངས་ཁྲོད་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་རིམ་བཞིན་ཆེ་རུ་འགྲོ་བ། མིག་སྔར་དམངས་ཁྲོད་ཀྱི་མ་རྩ་དེ་རིག་གནས་ཐོན་ལས་ལ་གཏོང་བར་སྲིད་ཇུས་ཀྱི་འགོག་རྐྱེན་མེད་ལ། སྲིད་གཞུང་གིས་ཀྱང་མ་རྩ་སྤྱད་དེ་རིགས་ཁག་གི་ཁྲོམ་ར་ཅན་གྱི་དངུལ་རྩའི་སྒྲིག་གཞི་བསྐྲུན་ནས་དམངས་ཁྲོད་ཀྱི་མ་རྩ་དེ་གཉེར་སྐྱོང་ནང་ཞུགས་རྒྱུར་འགུག་ཐབས་བྱས་ཡོད། གྲངས་ཉུང་དངུལ་བུན་ཀུང་སི་དཔེར་བཞག་ན་པེ་ཅིང་དང་ཅང་སུའུ་སོགས་སུ་རིག་གནས་ཐོན་ལས་ཀྱི་གྲངས་ཉུང་དངུལ་བུན་ཀུང་སི་བཙུགས་ནས་རིག་གནས་ཐོན་ལས་ལ་རྒྱབ་སྐྱོར་བྱས་ཡོད།
         དེ་བས་མངོན་གསལ་དོད་པ་ཞིག་ནི་རིག་གནས་དངུལ་རྩའི་གསར་གཏོད་ཐོན་རྫས་རྒྱུན་ཆད་མེད་པར་ཐོན་ཡོད། དྲ་སྦྲེལ་དངུལ་རྩ་དེ་རྒྱལ་ཁབ་ཀྱི་གཙོ་གནད་འཐབ་ཇུས་སུ་རིམ་སྤོར་བྱས་རྗེས་རིག་གནས་དང་དངུལ་རྩ། དྲ་སྦྲེལ་བཅས་མཉམ་འདྲེས་ངང་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཐོན་རྫས་ཀྱི་རྣམ་པའི་ངོས་ནས་བལྟས་ཚེ་མང་ཚོགས་ཀྱི་མ་དངུལ་གྲབས་གསོག་རྣམ་པ་དེ་2011ལོ་ནས་བཟུང་ཀྲུང་གོར་དར་རྗེས་དྲ་སྦྲེལ་དངུལ་རྩའི་གསར་གཏོད་ཀྱིས་སྲོལ་རྒྱུན་ལས་རིགས་ལ་ལྡོག་སྐུལ་བྱས་པས་ཀུན་གྲབས་བྱེད་སྟངས་དེ་དང་ལེན་རྒྱ་ཁྱབ་བྱུང་ཡོད། དེས་ན། དཔེ་སྐྲུན་ཀུན་གྲབས་དང་། གློག་བརྙན་ཀུན་གྲབས། སྒྱུ་རྩལ་ཀུན་གྲབས་སོགས་ཐོན་རྫས་སྔ་རྗེས་སུ་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།