འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་2016ལོར་སླར་ཡང་དབུལ་པོ་ཁྲི་1000ཉུང་དུ་གཏོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོར་རང་རྒྱལ་གྱིས་སླར་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་རྒྱུའི་དམིགས་ཚད་མངོན་འགྱུར་དང“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་ཡག་པོ་ཞིག་འཛུགས་རྒྱུར་གཞོལ་རྒྱུ་རེད། དེ་ནི་རང་རྒྱལ་གྱིས་2014ལོ་ཚུན་དུ་བཟོས་པའི་ལོ་འཁོར་དུ་མི་འབོར་དབུལ་པོ་ཁྲི་སྟོང་ཉུང་དུ་གཏོང་རྒྱུའི་འཆར་གཞི་ཐེངས་གསུམ་པ་དེ་རེད།
         དེ་ནི་གསར་འགོད་པས་ཚེས་24ཉིན་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས་2016ལོར་དབུལ་སྐྱོར་གསར་སྤེལ་ལས་དོན་གྱིས་ཆབ་སྲིད་ལེགས་ཆ་དང་ལམ་ལུགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་དབྱང་དང་ས་གནས་དང་། སྲིད་གཞུང་དང་ཁྲོམ་ར། ལས་རིགས་ཀྱི་དབུལ་སྐྱོར་དང་ཆེད་དམིགས་དབུལ་སྐྱོར། དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་འགན་ལེན། ཕྱིའི་རོགས་སྐྱོར་དང་ནང་ངོས་ཀྱི་གསོན་ཤུགས་འཕེལ་བ་བཅས་སྤྱི་འདོམས་བྱས་ནས་གནད་སྨིན་དབུལ་སྒྲོལ་གྱི་ཁ་ཕྱོགས་དང་ཐབས་ཇུས་སྒོ་ཀུན་ནས་ལག་བསྟར་བྱས་ནས་དབུལ་སྐྱོར་ཁ་ཕྱོགས་གཏན་འཁེལ་དང་། རིགས་དབྱེའི་ཐབས་ཇུས་ལག་བསྟར། འཆར་གཞི་བཞིན་ལག་བསྟར་བཅས་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         2015ལོའི་དབུལ་སྐྱོར་དམིགས་ཚད་ལེགས་གྲུབ་བྱས་ཚུལ་ལ་དམིགས་ཏེ་ལིའུ་ཡུང་ཕུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དབུལ་པོ་ཉུང་གཏོང་གི་ལས་འགན་ཁག་བགོས་གཤམ་སྤྲོད་བྱས་པ་དང་དབུལ་སྐྱོར་གཞུང་ལས་ཁང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དབར་དབུལ་པོ་ཉུང་གཏོང་གི་འགན་འཁྲིའི་ཡི་གེ་བཞག་པ་རེད། ཀྲུང་དབྱང་དང་ས་གནས་རིམ་ཁག་ནོར་སྲིད་ཀྱིས་མ་དངུལ་གཏོང་ཤུགས་ཡོངས་ཁྱབ་ངང་ཆེ་རུ་བཏང་བ་དང་འབྲེལ་ཡོད་ལས་རིགས་དང་སྡེ་ཚན་གྱིས་མ་དངུལ་དང་རྣམ་གྲངས་མུ་མཐུད་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོར་གཟིགས་སྐྱོང་བྱས་པ་དང་གནད་སྨིན་དབུལ་སྐྱོར་གྱི་འདུ་འགོད་ཆེ་གྲས་བཅུ་སྒྲིག་འཛུགས་ལག་བསྟར་བྱས་ནས་མང་ཚོགས་དབུལ་པོར་འབབ་འཕར་ཡོང་བར་སྐུལ་མ་བཏང་བས“སྔོན་དཔག་བྱས་ན་2015ལོར་དབུལ་པོ་ཁྲི་1000ཡན་ཉུང་གཏོང་གི་ལས་འགན་ལེགས་གྲུབ་ཐུབ་རེ་ཡོད”ཅེས་བཤད་པ་རེད།
         2015ལོའི་ལས་འགན་ལེགས་གྲུབ་ཟིན་པ་དེ་ཐོག་ནས་རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”དབུལ་སྐྱོར་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པ་མཚོན་གྱི་ཡོད། ལིའུ་ཡུང་ཕུའུ་ཡིས“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་རྒྱལ་གྱིས་ད་ཆ་ལག་ལེན་བསྟར་བའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དེ་2010ལོའི་དབུལ་པོ་དུང་ཕྱུར1.66ནས་འདི་ལོའི་ལོ་མཇུག་བར་དབུལ་པོ་ཁྲི་6000ཙམ་བར་ཉུང་དུ་སོང་ནས་ཁྱོན་དབུལ་པོ་དུང་ཕྱུར་1ཙམ་ཉུང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།