འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་མཐོ་སློབ་ཀྱི་དམིགས་བསལ་རིགས་བཞིའི་སློབ་བསྡུའི་སྲིད་ཇུས་ཀྱི་དམར་ཐིག་
    བསྐྱར་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་སློབ་གསོ་པུའི་དྲ་ཚིགས་ནས་ཤེས་རྟོགས་བྱས་པར། མཐོ་སློབ་ཀྱི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་རྒྱུགས་ལེན་སློབ་བསྡུའི་ལས་དོན་འདྲ་མཉམ་དང་དྲང་བདེན་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་སློབ་གསོ་པུས་མཐོ་སློབ་ཀྱི་སྒྱུ་རྩལ་རིགས་ཀྱི་ཆེད་ལས་དང་། ཆུ་ཚད་མཐོ་བའི་སྒྱུ་རྩལ་ཚོགས་པ། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག འོས་སྐྱེལ་སློབ་མ་སོགས་དམིགས་བསལ་རིགས་བཞིའི་སློབ་བསྡུའི་ལས་དོན་ཚད་ལྡན་དུ་གཏོང་དགོས་པ་དང་འབྲེལ་སྲིད་ཇུས་ཀྱི་དམར་ཐིག་གཏན་འཁེལ་བྱས་ནས་ཚད་གཞི་དམའ་རུ་གཏོང་རྒྱུ་དང་ཁྲལ་འཁྱོལ་གྱི་སྒྲིག་འགལ་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད།
         བརྡ་ཐོའི་ནང་ལེགས་འདེམས་སློབ་བསྡུའི་རྩ་དོན་གཞིར་བཟུང་། འབྲེལ་ཡོད་ཡིག་རྒྱུཌ་སློབ་མའི་ཆེད་དོན་ཚོད་རྒྱུགས་བླང་བྱ་དང་མཐོ་རྒྱུགས་ཀྱི་རིག་གནས་སྦྱངས་འབྲས་བསྡུ་ལེན་གྱི་བླང་བྱ་སྔར་བས་མཐོ་རུ་གཏོང་བ་དང་ལྷག་དོན་དུ་སྒྱུ་རྩལ་རིགས་ཀྱི་ཆེད་ལས་དང་། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག སྒྱུ་རྩལ་ཚོགས་པ་བཅས་ཀྱི་སློབ་བསྡུའི་རྒྱུགས་ལེན་སློབ་མའི་མཐོ་རྒྱུགས་རིག་གནས་ཀྱི་སྦྱངས་འབྲས་ཐད་ཀྱི་བླང་བྱ་མཐོ་རུ་གཏོང་དགོས་པའི་གཏན་འབེབས་བྱས་པ་རེད།
         དམིགས་བསལ་རིགས་ཀྱི་སློབ་བསྡུའི་སློབ་མ་གསར་པའི་ཐད་བརྡ་ཐོའི་ནང་མཐོ་སློབ་ཀྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་སློབ་ཞུགས་ཆེད་ལས་ཀྱི་བསྐྱར་ཞིབ་ལས་དོན་སྤེལ་ནས་ཆེད་ལས་ཀྱི་ཚོད་ལྟའི་ཡིག་རྒྱུགས་མི་ལོན་པ་དང་སློབ་ཞུགས་གོང་དང་རྗེས་ཀྱི་ཚོད་ལྟའི་ཡིག་རྒྱུགས་ཀྱི་སྦྱངས་འབྲས་ཧེ་བག་མངོན་གསལ་དོད་པའི་གནས་ཚུལ་ཐོན་ཚེ་དཔྱད་ཞིབ་ནན་ཏན་བྱེད་དགོས་པ་དང་། ཡིག་རྒྱུགས་གཏོང་རོགས་བྱེད་མཁན་དང་། སྒྲིག་འགལ་ངང་བསྡུ་བ། གཞན་མིང་རང་འཁྱེར་ཐོག་ནས་སློབ་ཞུགས་བྱེད་པ་སོགས་ཀྱི་སྒྲིག་འགལ་གྱི་གནས་ཚུལ་ཐོན་པའི་སློབ་མ་གསར་པ་ཤེས་རྟོགས་བྱུང་ཚེ། སློབ་བསྡུའི་ཐོབ་ཐང་མེད་པ་བཟོ་རྒྱུ་དང་སློབ་གྲྭའི་སྐྱིད་སྡུག་གི་གློག་རྡུལ་ནང་ཐོ་འགོད་མི་བྱེད་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུས་ནས་ལྡོག་བཤེར་དང་འགན་འཁྲི་བདའ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།