འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མགོ་ལོག་ཏུ་དམངས་སྤྱོད་གནམ་གྲུ་ཐང་བསྐྲུན་ནས་དག་བཤེར་འཕུར་སྐྱོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་22ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་མགོ་ལོག་ཏུ་དམངས་སྤྱོད་གནམ་གྲུ་ཐང་བསྐྲུན་ནས་དག་བཤེར་འཕུར་སྐྱོད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་20ཉིན་གྱི་ཆུ་ཚོད་10དང་སྐར་མ་55སྟེང་མཚོ་སྔོན་ཞིང་ཆེན་གྱི་དམངས་སྤྱོད་གནམ་གྲུ་འབབ་ཐང་དྲུག་པ་མགོ་ལོག་རྨ་ཆེན་གནམ་གྲུ་འབབ་ཐང་དུ་དག་བཤེར་འཕུར་སྐྱོད་གནམ་གྲུ་C560རྟགས་ཅན་ཐོག་མར་འབྱོར་བ་དང་། དག་བཤེར་འཕུར་སྐྱོད་ལམ་ལྷོངས་བྱུང་བ་དེས་རྗེས་མར་ཚོད་ལྟའི་འཕུར་སྐྱོད་དང་དེ་བཞིན་གནམ་གྲུ་ཤར་གཏོང་བྱེད་རྒྱུར་གྲ་སྒྲིག་ལེགས་པོ་བྱེད་ཐུབ་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། གསར་དུ་བསྐྲུན་པའི་མགོ་ལོག་དམངས་སྤྱོད་གནམ་གྲུ་འབབ་ཐང་ནི་རྒྱལ་ནང་གི་མཐོ་སྒང་མཐོན་པོར་བསྐྲུན་པའི་ཡན་ལག་གནམ་གྲུ་འབབ་ཐང་ཞིག་ཡིན་པ་དང་། ཇུས་འགོད་རྒྱ་ཁྱོན་ནི་འཕུར་སྐྱོད་ཁུལ་གྱི་རིམ་པ་4Cཅན་ཡིན་ཞིང་། གནམ་གྲུའི་དཀྱུ་སའི་རིང་ཚད་ལ་སྨི་3800ཡོད་ལ། 2020ལོར་འགྲུལ་བ་དབོར་སྐྱེལ་མི་ཐེངས་ཁྲི་8དང་། དངོས་ཟོག་སྦྲག་དངོས་སྐྱེལ་འདྲེན་ཏུན་200བྱེད་རྒྱུའི་ཇུས་འགོད་བྱས་པ་དང་། གནམ་གྲུ་འབབ་འཕུར་བྱས་གྲངས་ཐེངས་940བྱེད་རྒྱུའི་འཆར་འགོད་ལྟར་ཇུས་འགོད་བྱས་པ་རེད། གནམ་གྲུ་འབབ་ཚིགས་ཐོག་བརྩེགས་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་3000ཟིན་པ་དང་། ལས་གཞིར་མ་དངུལ་གཏོང་གྲངས་སྒོར་དུང་ཕྱུར་11.32མཆན་བཀོད་བཀའ་ལན་ཐོབ་ཅིང་། 2013ལོའི་ཟླ་8པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་ཡིས་ལས་གཞི་བཙུགས་ནས་མཆན་བཀོད་བཀའ་ལན་གནང་བ་དང་། འཆར་གཞི་ལྟར་ན་2016ལོར་ལས་མཇུག་དངོས་སུ་བསྒྲིལ་ཏེ་གནམ་གྲུ་ཤར་གཏོང་བྱེད་རྒྱུ་རེད།
    ༄༅།།མཚོ་སྔོན་མགོ་ལོག་ཏུ་དམངས་སྤྱོད་གནམ་གྲུ་ཐང་བསྐྲུན་ནས་དག་བཤེར་འཕུར་སྐྱོད་བྱས་པ།
    ༄༅།།མཚོ་སྔོན་མགོ་ལོག་ཏུ་དམངས་སྤྱོད་གནམ་གྲུ་ཐང་བསྐྲུན་ནས་དག་བཤེར་འཕུར་སྐྱོད་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།