འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གློག་མེད་ས་ཁུལ་གྱི་མང་ཚོགས་ཚང་མར་གློག་ཡོད་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་24ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་གློག་མེད་ས་ཁུལ་གྱི་མང་ཚོགས་ཚང་མར་གློག་ཡོད་པར་གྱུར་པ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི་སྒོ་མང་གྲོང་ཚོ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་འབྲུ་ཆུ་གྲོང་ཚོ་གཉིས་ཀྱི་གློག་ལམ་མཐུད་སྒོ་བརྒྱབ་ནས་གློག་བཏང་བ་དེས་མཚོ་སྔོན་ཞིང་ཆེན་གྱི་མི་སྡོད་ས་ཁུལ་ཡོངས་སུ་གློག་ཤུགས་ཡོད་པར་གྱུར་པ་མཚོན་པ་རེད། དུས་དེ་ནས་བཟུང་རྒྱལ་ཡོངས་སུ་མཐའ་མའི་གློག་མེད་པའི་དུད་ཁྱིམ་9614དང་མི་གྲངས་ཁྲི་3.98ལ་གློག་ཤུགས་མེད་པའི་གནད་དོན་ཐག་གཅོད་མཐར་ཕྱིན་པར་བྱས་ནས"ལོ་ལྔ་ཚན་བཅུ་གཉིས་པའི"འཆར་འགོད་ནང་བཏོན་པའི"གློག་མེད་ས་ཁུལ་གྱི་མང་ཚོགས་ཚང་མར་གློག་ཤུགས་ཡོད་པར་བྱེད་རྒྱུ"ཞེས་པའི་དམིགས་འབེན་མངོན་འགྱུར་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།