འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་གཉིས་ཀྱིས་བརྡ་ཐོ་བཏང་ནས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་
    དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་
    ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་དུས་སུ་དམངས་སྲིད་པུའུ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུའུ་ཡིས་ཉིན་ཤས་གོང་བརྡ་ཐོ་བཏང་ནས་ས་གནས་ཁག་དང་། དཔུང་སྡེ་ཁག སྡེ་ཚན་ཁག་བཅས་ཀྱིས་དུས་ཆེན་གྱི་ཁྱད་ཆོས་དང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་སྟེ་དམག་གིས་དམངས་ལ་དགའ་ཞེན་དང་དམངས་ཀྱིས་དམག་ལ་བཀུར་བའི་དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་གྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་ས་གནས་ཁག་དང་སྡེ་ཚན་ཁག་གིས་དམག་དམངས་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པ་དང་སྟོབས་ཤུགས་སྔར་བས་གོང་བུ་གཅིག་ཏུ་འགྲིལ་དགོས། གསར་བརྗེའི་གནས་མཆོག་དང་དམག་འཁྲུག་རྗེས་ཤུལ་སོགས་གསར་བརྗེའི་ཐོན་ཁུངས་དང་དཔུང་སྡེའི་དམག་དཔུང་ལོ་རྒྱུས་ཁང་དང་གཟི་བརྗིད་ཁང་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོའི་མྱོང་རོལ་སྒར་ས་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་རྒྱ་ཆེའི་དམག་དམངས་ཀྱི་གཉིས་བཀུར་འདུ་ཤེས་དང་རྒྱལ་སྲུང་ལྟ་བ་ཆེ་རུ་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གཉིས་བཀུར་དྲིལ་བསྒྲགས་དེ་རིག་གནས་གཤམ་སྤེལ་དང་སྤྲོ་གསེང་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་དང་མཉམ་འདྲེས་ཐུབ་པར་བྱས་ནས་དམག་དམངས་སྒྲིག་འཛུགས་ཀྱིས་རྒྱང་སྐྱོད་ཀྱི་གཏམ་རྒྱུད་ཤོད་པ་དང་། གསར་བརྗེའི་གླུ་གཞས་གཏོང་བ། རྒྱལ་གཅེས་གློག་བརྙན་ལྟ་བ་སོགས་བྱས་ཏེ་རང་རེའི་མི་དམངས་དང་དམག་ལ་དགའ་ཞེན་བྱེད་པའི་དར་སྲོལ་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།