འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།"གངས་ལྷའི་རང་སྒྲ"ཞེས་པའི་རྩོད་གླེང་འགྲན་བསྡུར་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 16:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།'གངས་ལྷའི་རང་སྒྲ'ཞེས་པའི་རྩོད་གླེང་འགྲན་བསྡུར་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ་བ།
         ཉེ་ཆར་བོད་ལྗོངས་མི་རིགས་སློབ་ཆེན་གྱི་གངས་ལྷའི་བརྩེ་སེམས་ཚོགས་པས་གཙོ་སྒྲུབ་བྱས་པའི"གངས་ལྷའི་རང་སྒྲ"ཞེས་པའི་རྩོད་གླེང་འགྲན་བསྡུར་སློབ་ཆེན་དེ་གའི་རིག་གཞུང་སྙན་ཞུ་ཁང་དུ་སྤེལ་ཞིང་། འགྲན་ཞུགས་མི་སྣ་ཚོས་དཔལ་འབྱོར་དང་ཤེས་ཡོན་གཉིས་ལས་གལ་ཆེ་བ་གང་ཡིན་པ་རྩོད་གཞི་བྱས་པའི་བགྲོ་གླེང་སྤེལ་བ་དང་། གཞན་སྲོལ་རྒྱུན་གྱི་ཤགས་འགྱེད་ཚུལ་དང་། འབྲས་དཀར་གཏམ་བརྗོད་ཐུང་ངུ་སོགས་འགྲན་བསྡུར་སྤེལ་ནས་སློབ་རར་ཡོད་པའི་བོད་རིགས་སློབ་མ་ཚོར་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། དམངས་ཁྲོད་རོལ་རྩེད་སོགས་ལ་རྒྱུས་མངའ་ཡོད་པར་བཅུག་པ་མ་ཟད། དཔལ་འབྱོར་དང་ཤེས་ཡོན་གཉིས་ལས་གལ་ཆེ་བ་གང་ཡིན་པ་ལྟ་བའི་དངོས་ཡོད་སྤྱི་ཚོགས་ལ་བསམ་གཞིགས་ཀྱི་སྒོ་མོ་ཡང་ཕྱེ་རུ་འཇུག་བཞིན་ཡོད་པ་རེད།
         གངས་ལྷའི་བརྩེ་སེམས་ཚོགས་པ་ནི་1998ལོར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་འགས་རྩ་འཛུགས་བྱས་པའི་བོད་ཡིག་སློབ་ཚོགས་ཞིག་ཡིན་ལ། 2003ལོར"བོད་ཡིག་སློབ་ཚོགས"ཞེས་པ"གངས་ལྷའི་བརྩེ་སེམས་ཚོགས་པ"ཞེས་པར་བསྒྱུར། ཚོགས་པ་འདི་ནི་ཡིག་བསྒྱུར་པུའུ་དང་། དྲིལ་བསྒྲགས་པུའུ། རྩོམ་སྒྲིག་པུའུ། རིག་རྩལ་པུའུ། ཡིག་གཟུགས་པུའུ་བཅས་ལྔ་ལས་གྲུབ་ཡོད་ལ། རྣམ་ཀུན་གཟའ་རེའི་གཟའ་སྤེན་པའི་དགོང་མོར་བོད་ཡིག་སློབ་སྦྱོང་གི་བྱེད་སྒོ་སྤེལ་བཞིན་ཡོད། དེའི་ཁྲོད་བོད་ཡིག་གསབ་འཁྲིད་དང་། རྒྱ་བོད་ཡིག་སྒྱུར། བོད་སྐད་ཀྱི་གཏམ་བཤད། རྩོམ་ཡིག་འགྲན་བསྡུར། ཡིག་གཟུགས་འབྲི་སྦྱོང་། ཡིག་རྒྱུགས་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།
    ༄༅།།'གངས་ལྷའི་རང་སྒྲ'ཞེས་པའི་རྩོད་གླེང་འགྲན་བསྡུར་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ་བ།
    ༄༅།།'གངས་ལྷའི་རང་སྒྲ'ཞེས་པའི་རྩོད་གླེང་འགྲན་བསྡུར་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ་བ།
    ༄༅།།'གངས་ལྷའི་རང་སྒྲ'ཞེས་པའི་རྩོད་གླེང་འགྲན་བསྡུར་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ་བ།
    ༄༅།།'གངས་ལྷའི་རང་སྒྲ'ཞེས་པའི་རྩོད་གླེང་འགྲན་བསྡུར་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ་བ།
    ༄༅།།'གངས་ལྷའི་རང་སྒྲ'ཞེས་པའི་རྩོད་གླེང་འགྲན་བསྡུར་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ་བ།
    ༄༅།།'གངས་ལྷའི་རང་སྒྲ'ཞེས་པའི་རྩོད་གླེང་འགྲན་བསྡུར་བོད་ལྗོངས་མི་རིགས་སློབ་ཆེན་དུ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།