འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་བོད་བརྒྱུད་ནང་བསྟན་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་
    ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་04ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དཔྱད་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ།
    དཔྱད་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་དུ་གཉེར་བའི་2015ལོའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་དཔྱད་གླེང་ཚོགས་འདུ་པེ་ཅིང་གྲོང་ཁྱེར་གྱི་ནུབ་ལྷ་ཁང་སེར་པོ་རུ་འཚོགས་པ་རེད།
         ཚོགས་འདུའི་དུས་ཡུན་ཉིན་གཅིག་དང་ཕྱེད་ཀའི་ནང་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་དང་བོད་རིག་པའི་ཁྱབ་ཁོངས་ཀྱི་མཁས་པ། གཞན་གདན་ཞུས་སྐུ་མགྲོན་སོགས་60ལྷག་གཅིག་ཏུ་འཛོམས་ཏེ་ཚོགས་འདུའི་ཐོག་གསུང་བཤད་གནང་བ་དང་ཚོགས་ཆུང་བགར་ནས་གྲོས་གླེང་གནང་བའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་མཇལ་འཕྲད་གནང་དུས་ཆོས་དོན་དགོངས་འགྲེལ་ལས་དོན་སྐོར་བཏོན་གནང་བའི་བླང་བྱར་དམིགས་ནས“བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་ནང་དགེ་སྒྲུབ་སྡིག་སྤོང་དང་། འདྲ་མཉམ་དཀྱེལ་ཡངས། དབུལ་སྐྱོར་དཀའ་སེལ་ལ་སོགས་པའི་དགེ་བའི་བསམ་པ་དར་སྤེལ་གཏོང་བ”ཞེས་པ་བརྗོད་གཞི་གཙོ་བོར་བྱས་ནས་ཞིབ་གྲོས་དང་སྤེལ་རེས་གཏིང་ཟབ་པོ་གནང་བ་རེད།
         ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པན་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་སོགས་འགོ་ཚུགས་མཛད་སྒོར་ཞུགས་ནང་བ་རེད། ༼ཧུའུ་ཆིན་གྱིས་པར་བླངས་པ།༽
    པཎ་ཆེན་ཆོས་ཀྱི་རྒྱལ་པོས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལག་ལེན་མཐར་ཕྱིན་ཇི་ལྟར་བྱེད་རྒྱུའི་སྐོར་གསལ་བཤད་གནང་བ།
    པཎ་ཆེན་ཆོས་ཀྱི་རྒྱལ་པོས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལག་ལེན་མཐར་ཕྱིན་ཇི་ལྟར་བྱེད་རྒྱུའི་སྐོར་གསལ་བཤད་གནང་བ།
    ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར་གྱིས་གསུང་བཤད་གནང་བ།
    ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར་གྱིས་གསུང་བཤད་གནང་བ།
    ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པས་གསུང་བཤད་གནང་བ།
    ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་འཇམ་དབྱངས་བཞད་པས་གསུང་བཤད་གནང་བ།
    ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒྲུབ་ཁང་མཆོག་གིས་གསུང་བཤད་གནང་བ།
    ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒྲུབ་ཁང་མཆོག་གིས་གསུང་བཤད་གནང་བ།
    དཔྱད་གླེང་ཚོགས་འདུར་ཞུགས་པའི་དགེ་འདུན་པ་ཚོ།
    དཔྱད་གླེང་ཚོགས་འདུར་ཞུགས་པའི་དགེ་འདུན་པ་ཚོ།
    དཔྱད་གླེང་ཚོགས་འདུར་ཞུགས་པའི་ཆེད་མཁས་པ་ཚོ།
    དཔྱད་གླེང་ཚོགས་འདུར་ཞུགས་པའི་ཆེད་མཁས་པ་ཚོ།
      

    ཕྱོགས་བསྡུས་གསར་འགྱུར།