འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱུག་རྫི་དཀྱུས་མ་ཞིག་སྟེ་ནོར་དཔལ་རྒྱལ་གྱི་འདྲ་པར་བདམས་བཀོད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕྱུག་རྫི་དཀྱུས་མ་ཞིག་སྟེ་ནོར་དཔལ་རྒྱལ་གྱི་འདྲ་པར་བདམས་བཀོད།
         ནོར་དཔལ་རྒྱལ་ནི་སྤྱི་ལོ་1962ལ་མདོ་སྨད་མཚོ་སྔོན་པོའི་རྐང་ཚ་ས་ཁུལ་འབྲོག་སྡེ་ཞིག་ནས་སྐྱེས། ཆུང་དུས་ནས་ལྷན་སྐྱེས་ཀྱི་རིག་པ་རྣོ་ཞིང་ཀློག་སློབ་པ་སོགས་ལ་ཧ་ཅང་དགའ་ནའང་། ཁྱིམ་གྱི་འཁོས་ཀ་ཞན་པ་སོགས་ཀྱི་རྒྱུ་རྐྱེན་དུ་མའི་དབང་གིས་སློབ་གྲྭར་འགྲིམ་པའི་སྐལ་བ་མ་བྱུང་བས། ཕ་ས་ཕ་ཡུལ་ནས་ནོར་ལུག་གི་རྗེས་སྙེག་པའི་ཕྱུག་རྫི་ཕལ་བ་ཞིག་ཏུ་གྱུར། ཡིན་ནའང་དེ་ཡིས་ཁོང་གི་དཔེ་ཆ་ཀློག་འདོད་ཀྱི་འདུན་པ་དྲག་པོ་དེ་འགོག་མ་ཐུབ་པས། ནམ་རྒྱུན་ཁོམ་གསེང་གི་དུས་ཚོད་སྤྱད་དེ་སྡེ་བའི་ནང་གི་རྒན་པ་དང་ཁྱིམ་ལ་བསུས་པའི་ཨ་མཆོད་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་སྦྱང་སྟེ། བོད་ཡིག་གི་ཆུ་ཚད་ཇེ་མཐོར་བཏང་། རིམ་གྱིས་སྙན་ངག་སོགས་རྩོམ་ཡིག་མང་པོ་ཞིག་ཀྱང་རང་སྦྱོང་གིས་བྲིས། 2002ལོ་ནས་ད་ལྟའི་བར་ཁོང་གིས་མ་སྐུལ་དང་ལེན་གྱི་སྒོ་ནས་ཕ་ཡུལ་རྐང་ཚའི་ཕྱོགས་ཀྱི་རི་ཆུ་ནགས་གསུམ་དང་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་རྩོམ་འབྲི་གནང་བ་དང་། ཆབས་ཅིག་པར་བརྒྱབ་སྟེ་ཟིན་ཐོར་བསྐྲུན་ཡོད། འདིར་འཁོད་པའི་པར་རིས་དག་ནི་ཉེ་ཆར་གསར་དུ་བླངས་པའི་རྐང་ཚའི་ཕྱོགས་ཀྱི་མཛེས་ལྗོངས་ཁག་ཅིག་བདམས་བཀོད་བྱས་པ་ཡིན་ལ། འདིས་ཀྱང་ཁོང་གིས་ཕ་ཡུལ་ལ་བཟུང་པའི་དུངས་སེམས་དང་ཕྱུག་རྫི་དཀྱུས་མ་ཞིག་གི་ཤེས་རབ་ལས་འཁྲུངས་པའི་སྒྱུ་རྩལ་གྱི་མྱོང་རྟོག་ཚོར་ཐུབ་བསམས།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།ཕྱུག་རྫི་དཀྱུས་མ་ཞིག་སྟེ་ནོར་དཔལ་རྒྱལ་གྱི་འདྲ་པར་བདམས་བཀོད།
      

    ཕྱོགས་བསྡུས་གསར་འགྱུར།