འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་གྱིས་གཅིག་གྱུར་སྒོ་ནས་ཁྲིམས་འགལ་གྱི་མེ་མདའ་
    ཁྲི་གཉིས་ལ་ཉེ་བ་སྲེག་བརླག་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་གྱིས་གཅིག་གྱུར་སྒོ་ནས་ཁྲིམས་འགལ་གྱི་མེ་མདའ་
ཁྲི་གཉིས་ལ་ཉེ་བ་སྲེག་བརླག་བཏང་བ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་11ཚེས་5ཉིན་ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་གྱིས“ཧོ་པེ་ཞིང་ཆེན་གྱིས་ཁྲིམས་འགལ་གྱི་མེ་མདའ་གཅིག་གྱུར་གྱིས་མེད་པར་བཟོ་བའི”བྱེད་སྒོ་སྤེལ་བ་དང་། མེ་མདའ་19400ལྷག་ཙམ་ཚང་མ་ཧན་ཏན་གྱི་མཐོ་ཐབ་ནང་དུ་བསྲེ་བརླག་བཏང་བ་དང་། གཞན་ཡང་མདེའུ་ཁྲི་41དང་། འབར་རྫས་སྤྱི་རྒྱ་6474། མེ་རྟ་88349བཅས་ཚང་མ་ཆེད་ལས་མི་སྣས་མེད་པར་བཟོས་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ཟླ་6པ་ནས་བཟུང་ཧོ་པེ་ཞིང་ཆེན་གྱིས་གཅིག་སྡུད་ཀྱིས་མེ་མདའ་དང་འབར་རྫས་བསྡུ་ལེན་ཆེད་དོན་བྱ་སྤྱོད་སྤེལ་ནས་བསྡོམས་པས་མེ་མདའ་རིགས་མི་འདྲ་བ་22230དང་། མདེའུ་417034། འབར་རྫས་སྤྱི་རྒྱ་6474། མེ་རྟ་88349། འདྲ་བཟོས་མེ་མདའ་16697བཅས་བསྡུ་ལེན་དང་། མེ་མདའ་འབར་རྫས་དང་འབྲེལ་བ་ཡོད་པའི་གྱོད་དོན་3374རྩད་ཞིབ་ཐག་གཅོད། ཁྲིམས་འགལ་བྱས་ཉེས་བསགས་མཁན་2314ལ་རྡུང་རྡེག་ཐག་གཅོད། མེ་མདའ་འབར་རྫས་ལྐོག་བཟོ་ལྐོག་འཚོང་བྱེད་ས་91གཏོར་བ། དྲ་སྟེང་གི་ཁྲིམས་འགལ་ཆ་འཕྲིན་2221གཙང་བཤེར་བྱས་ཏེ་བསུབས་པ། མེ་མདའ་དང་འབར་རྫས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་དྲ་ཚིགས་12ཀྱི་སྒོ་བརྒྱབ་པ་སོགས་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་གྱིས་གཅིག་གྱུར་སྒོ་ནས་ཁྲིམས་འགལ་གྱི་མེ་མདའ་
ཁྲི་གཉིས་ལ་ཉེ་བ་སྲེག་བརླག་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།