འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་སྲིད་གཞུང་གིས་མཚོ་འགག་ངོགས་གཉིས་ཀྱི་འགོ་ཁྲིད་པ་མཇལ་འཛོམས་ལ་
    དགའ་བསུ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་སྲིད་གཞུང་གིས་ཚེས་3ཉིན་མཚོ་འགག་ངོགས་གཉིས་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་མ་དབྱིང་ཅིའུ་རྣམ་གཉིས་སིང་ཀ་ཕོར་དུ་མཇལ་འཛོམས་གནང་རྒྱུའི་ཐད། མཚོ་འགག་གཉིས་ཀྱིས་ཛ་དྲག་ཞི་ལྷོད་དང་འབྲེལ་བ་ལེགས་བཅོས་བྱེད་ཐབས་ལ་ཨ་རིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་དཔྱད་གཏམ་སྤེལ་བ་རེད།
         ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨོའུ་ནེ་སི་ཐེས་འཆར་ཅན་གསར་འགྱུར་གྱི་བརྡ་གཏོང་ཚོགས་འདུའི་ཐོག མཚོ་འགག་ངོགས་གཉིས་ལ་བརྟན་ལྷིང་དང་ཞི་བདེ་ཡོང་བ་ནི་ཨ་རིའི་རྩ་བའི་ཁེ་ཕན་དང་མཐུན་ཡོད་ཅེས་དང་། ཁོང་གིས་ཨ་རིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་བཞིན་ཡོད་ཅེས་བསྐྱར་བཤད་བྱས་པ་རེད།
         ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་དབྱི་ལི་ཧྲ་པའེ·ཐེ་ལུའུ་ཏུའོ་ཡིས། འཆར་ཅན་གྱི་གསར་འགྱུར་བརྡ་གཏོང་ཚོགས་འདུའི་ཐོག་ལའང་ལངས་ཕྱོགས་གཅིག་མཚུངས་བསྟན་ཡོད། ཁོང་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་དང་བརྟན་ལྷིང་གིས་ངོགས་གཉིས་དང་། ཨ་རི། ཨེ་ཤེ་ཡའི་ས་ཁུལ་བཅས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་བརྟེན། མཚོ་འགག་ངོགས་གཉིས་ཀྱིས་ཉེ་བའི་ལོ་ཤས་རིང་ཛ་དྲག་ཞི་ལྷོད་དང་འབྲེལ་བ་ལེགས་བཅོས་ཀྱི་བྱེད་ཐབས་སྤྱད་པར་ཨ་རིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད།
         དེའི་གོང་ཀྲུང་གུང་ཀྲུང་དབྱང་ཐའེ་དབན་ལས་དོན་གཞུང་ལས་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་དོན་གཅོད་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲང་ཀྲི་ཅུན་གྱིས། ངོགས་གཉིས་ཀྱིས་འབྲེལ་ཡོད་ཐད་ལ་གྲོས་མོལ་བྱས་པར་བརྒྱུད། ངོགས་གཉིས་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་མ་དབྱིང་ཅིའུ་རྣམ་གཉིས་ཚེས་7ཉིན་སིང་ཀ་ཕོར་དུ་མཇལ་འཛོམས་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་ཤིང་། ད་རེས་ཀྱི་མཇལ་འཛོམས་ཀྱིས་ངོགས་གཉིས་ཀྱི་འགོ་ཁྲིད་པས་ཐད་ཀར་སྤེལ་རེས་དང་འབྲེལ་འདྲིས་ཀྱི་འབྲེལ་བ་ཐོག་མར་གཏོད་རྒྱུ་ཡིན་པ་དེས། ངོགས་གཉིས་ཕྱོགས་ཀྱི་ཕན་ཚུན་ཡིད་ཆེས་ཆེ་རུ་འགྲོ་བ་དང་། ཐུན་མོང་གི་ཆབ་སྲིད་རྨང་གཞི་བརྟན་དུ་འགྲོ་བ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ། ཐའེ་དབན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་ལ་ཕན་ཐོགས་ཡོད་པ་མ་ཟད། དེ་ནི་ངོགས་གཉིས་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་ཆེན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།