འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱེད་ནུས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱེད་ནུས་ཆེ་རུ་བཏང་བ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ཁྲུང་ཁྲུང་སྐེ་ནག་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་འཇིགས་མེད་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། འདི་ལོར་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱེད་ནུས་ཤུགས་ཆེ་རུ་བཏང་བ་སྟེ། གཞིས་རྩེ་གྲོང་ཁྱེར་ཡུལ་ཕྱོགས་སུ་ཁྲུང་ཁྲུང་སྐེ་ནག་འཚོ་གནས་བྱས་རིགས་2007ལོར་ཚོད་རྩིས་བྱས་ན་4200ལྷག་ཙམ་ཡོད་པ་དང་། ཚོད་དཔག་བྱས་ན། 2016ལོའི་ཟླ་2པར་6000ལྷག་ཙམ་ལ་འཕར་རྒྱུ་རེད། མིག་སྔར་སྲུང་སྐྱོང་ཁུལ་དུ་དོ་དམ་མི་སྣ་33ཡོད་ཅིང་། ཁོང་ཚོས་སྐོར་ཞིབ་སྲུང་སྐྱོང་དང་། རིམས་ནད་ཀྱི་འབྱུང་རྐྱེན་དང་རིམས་ནད་ལྟ་ཞིབ་ཚད་ལེན་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་བཞིན་ཡོད། 2003ལོའི་ཟླ་6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ཆུ་རོང་ས་ཁུལ་ཁྲུང་ཁྲུང་སྐེ་ནག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུར་ཆོག་མཆན་བཀོད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་དེ་ནི་གཞིས་ཀ་རྩེ་དང་ལྷ་ས་གྲོང་ཁྱེར་གཉིས་དང་། ལྷོ་ཁ་ས་ཁུལ་བཅས་ཡུལ་ཕྱོགས་གསུམ་ལ་ཁྱབ་ཡོད་པ་རེད།
    ༄༅།།གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱེད་ནུས་ཆེ་རུ་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།