འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གཉིས་པའི་ཀྲུང་གོའི་ཐང་ག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་05ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐབས་གཉིས་པའི་ཀྲུང་གོའི་ཐང་ག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།
         ཉེ་སྔོན་སྐབས་གཉིས་པའི་ཀྲུང་གོའི་ཐང་ག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པའི་མཛད་སྒོ་བར་སྐོར་ཁྲོམ་ལམ་ལྷོ་མའི་བཤད་སྒྲ་ར་བ་ཆེན་པོར་(夏扎大院)འཚོགས་པ་དང་། དེ་དང་མཉམ་དུ་ད་དུང་ཉིན་ལྔའི་རིང་གི་ཐང་ག་སྤུས་ལེགས་འགྲེམས་སྟོན་ཡང་བྱས་པ་རེད། ཐང་ག་སྤུས་ལེགས་འགྲེམས་སྟོན་འདིས་གངས་ལྗོངས་ས་མཐོའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཐུན་མོང་མ་ཡིན་པ་ལྡན་པའི་རིག་གནས་ཀྱི་མཆོག་ནོར་ཐང་གའི་རིན་ཐང་གང་ལེགས་མངོན་པར་བྱས་པ་རེད།
         ཐང་གའི་སྒྱུ་རྩལ་ནི་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ལྷག་གི་རིག་གནས་དང་ལོ་རྒྱུས་འཕེལ་རྒྱས་འགྲོ་བའི་ཁྲོད་དུ་གསོག་འཇོག་བྱས་པའི་རིག་གནས་ཀྱི་ཤུལ་བཞག་གལ་ཆེན་ཡིན་པ་དང་། གངས་ལྗོངས་ས་མཐོའི་རིག་གནས་ཀྱི་མཆོག་ནོར་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ནང་དོན་ཕུན་སུམ་ཚོགས་པ་སྙིང་བསྡུས་བྱས་ཡོད་པས་བོད་མི་རིགས་ཀྱི“རིག་གནས་ཀུན་བཏུས་ཆེ་མོ་”ཡིན་པར་སྙན་གྲགས་ཁྱབ།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།སྐབས་གཉིས་པའི་ཀྲུང་གོའི་ཐང་ག་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།