འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱིས་མི་བཞུགས་འཕུར་སྐྱོད་ཐུབ་ནས་ལོ་15འཁོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་ནི་རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱིས་མི་བཞུགས་འཕུར་སྐྱོད་ཐུབ་ནས་ལོ་15འཁོར་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ཨ་རིའི་གཞུང་ཕྱོགས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བར་སྣང་ས་ཚིགས་ནི་མིའི་རིགས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་ཐུབ་པ་ར་སྤྲོད་བྱེད་པའི“མིག་དཔེ་གཟི་འོད་འཕྲོ་བ”ཞིག་ཡིན་ཞེས་བཤད།
         ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་ཅུས་ཀྲང་པུའར་ཏེང་གིས་གསལ་བསྒྲགས་གཞན་ཞིག་གི་ནང་དུ། བར་སྣང་ས་ཚིགས་ནི་གོ་ལ་ཧྲིལ་པོའི་ཞི་བདེ་མཉམ་ལས་ཀྱི“དཔེ་མཚོན”ལྟ་བུར་བརྩི་འོས། 2000ལོ་ཚུན་དུ་བར་སྣང་ས་ཚིགས་ཀྱིས་རྒྱུན་ཆད་མེད་པར་མི་བཞུགས་འཕུར་སྐྱོད་བྱས་པས། ཚན་རིག་ལ་ངོས་འཛིན་བྱེད་ཚད་གཏིང་ཟབ་ཏུ་ཕྱིན་པ་དང་། ལག་རྩལ་གསར་པ་ར་སྤྲོད་ཐུབ་པ། ཚན་ཞིབ་ལ་ཚད་བརྒལ་བཅས་བྱུང་ནས་ཡུན་རིང་མི་བཞུགས་དང་མི་མེད་མཁའ་དབྱིངས་སུ་འཚོལ་ཞིབ་བྱེད་ཐུབ་རེ་ཡོད་ཅེས་བཤད།
         བར་སྣང་ས་ཚིགས་སུ་མིག་སྔར་ཁྱོན་འཇིག་རྟེན་འཕུར་སྐྱོད་པ་6ཡོད་པ་ལས་གསུམ་ཨུ་རུ་སུ་བ་དང་། 2ཨ་རི་བ། 1རི་པིན་བ་རེད། ཁོང་ཚོས་ཉིན་དེར་གནམ་སའི་འབྲེལ་མཐུད་བརྒྱུད་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།
         རྒྱལ་སྤྱིའི་བར་སྣང་ས་ཚིགས་ནི་1998ལོའི་ཟླ་11པར་འཛུགས་འགོ་ཚུགས་ཤིང་། ཁྱོན་རྒྱལ་ཁབ་15ཞུགས་ཡོད། 2000ལོའི་ཟླ་11ཚེས་2ཉིན། ཨུ་རུ་སུ་དང་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པ་3བར་སྣང་ས་ཚིགས་སུ་བསྐྱོད་པ་དེ་ནི་བར་སྣང་ས་ཚིགས་དེའི་རྒྱུན་སྡོད“ཡུལ་མི”ཁག་དང་པོར་གྱུར་པ་དང་། དེ་ནས་བཟུང་བར་སྣང་ས་ཚིགས་དེར་ནམ་ཡིན་ཡང་ཉུང་མཐར་ཡང“ཡུལ་མི”གཉིས་སྡོད་ཀྱི་ཡོད།
         ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། བར་སྣང་ས་ཚིགས་ཀྱིས་དུས་ཁག་45ཡི་འཇིག་རྟེན་འཕུར་སྐྱོད་པ་ཁྱོན་220ལྷག་ཙམ་ལ་སྣེ་ལེན་ཞུས་ཤིང་། དེ་དག་གིས་བར་སྣང་འགྲོ་སྐྱོད་ཐེངས་180ལྷག་ཙམ་དང་། ཚན་རིག་ཞིབ་འཇུག་རྣམ་གྲངས་1760ལྷག་ཙམ། ཚན་རིག་སྐོར་གྱི་དཔྱད་རྩོམ་1200ལྷག་ཙམ་ལེགས་སྒྲུབ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།