འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།གཞིས་ཀ་རྩེའི་འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་དྲོ་སྐྱིད་
    ལྡན་པའི་ཁྱིམ་གཞིས་གསར་པར་སྤོས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།གཞིས་ཀ་རྩེའི་འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་དྲོ་སྐྱིད་
ལྡན་པའི་ཁྱིམ་གཞིས་གསར་པར་སྤོས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་འགྲུབ་རྩེ་ཆུས་སུ་གནས་པའི“4•25”ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་བཀོད་སྒྲིག་བྱེད་གནས་སུ་ཡོད་པའི་གཉའ་ལམ་རྫོང་འགྲམ་གྲོང་རྡལ་གྱི་དུད་ཁྱིམ་505ཡི་གནོད་ཐེབས་མང་ཚོགས་ཁྱོན་བསྡོམས་1758ཚང་མ་བདེ་བླག་ངང་གནས་སྐབས་སུ་འཕྲལ་བསྟུན་བཀོད་སྒྲིག་བྱས་པའི་གུར་ཁང་ནས་འགྲམ་གྲོང་རྡལ་སྡེ་ཁུལ་འགན་སྲུང་སྡོད་ཁང་དུ་གནས་སྤོས་པའི་བར་བརྒལ་བཀོད་སྒྲིག་མངོན་འགྱུར་བྱུང་ཞིང་། འགྲམ་གྲོང་རྡལ་སྡེ་ཁུལ་གྱི་ནང་དུ་ཉེན་དོན་ཁང་དང་། དངུལ་རྩའི་ཞབས་ཞུའི་ས་ཚིགས། བུ་བཅོལ་ཁང་། ཚོང་ཁང་སོགས་ཆ་ལག་ཆ་ཚང་ཡོདཔ་རེད། ཤེས་རྟོགས་བྱུང་བ་ལྟར་ན། འགན་སྲུང་སྡོད་ཁང་ཚང་མའི་ནང་དུ་བོད་ལུགས་ཀྱི་འཛིན་ཆས་སྟབས་བདེ་བཀོད་སྒྲིག་བྱས་ཡོད་པ་མ་ཟད་ད་རུང་མང་ཚོགས་ཚོར་དྲོད་ལེན་གློག་ཆས་མཁོ་སྤྲོད་བྱེད་རྩིས་ཀྱང་ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་1500ཡོད་པའི་གཞུང་སྒྲུབ་ས་དང་། ཟ་འཐུང་བྱེད་ས་། རོལ་རྩེད་བྱེད་ས་སོགས་གཅིག་དུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་ཐོག་ཁང་ཞིག་ཀྱང་ཟླ་བ་11པའི་ཟླ་དཀྱིལ་དུ་ཨར་ལས་ལེགས་འགྲུབ་བྱེད་རྒྱུ་རེད། སྐབས་དེར་སླེབས་དུས་འགྲམ་གྲོང་རྡལ་སྡེ་ཁུལ་གྱི་ནུས་པ་སྔར་ལས་འཐུས་ཚང་དུ་འགྲོ་རྒྱུ་ཡིན་ལ་སྡེ་ཁུལ་མང་ཚོགས་ཀྱི་འཚོ་བ་སྔར་ལས་སྟབས་བདེར་འགྲོ་རྒྱུ་རེད།
    ༄༅།།གཞིས་ཀ་རྩེའི་འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་དྲོ་སྐྱིད་
ལྡན་པའི་ཁྱིམ་གཞིས་གསར་པར་སྤོས་པ།
    ༄༅།།གཞིས་ཀ་རྩེའི་འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་དྲོ་སྐྱིད་
ལྡན་པའི་ཁྱིམ་གཞིས་གསར་པར་སྤོས་པ།
    ༄༅།།གཞིས་ཀ་རྩེའི་འགྲམ་གྲོང་རྡལ་གྱི་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་རྣམས་དྲོ་སྐྱིད་
ལྡན་པའི་ཁྱིམ་གཞིས་གསར་པར་སྤོས་པ།
      

    ཕྱོགས་བསྡུས་གསར་འགྱུར།