འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་སི་ཁྲུ་ལི་ཡས་སྔོན་དཔག་བྱས་ན་ཀྲུང་གོ་ནི་ལོ་ལྔའི་ནང་ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་བའི་
    འགྲུལ་ཁུངས་རྒྱལ་ཁབ་དང་པོར་འགྱུར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན།《ཤིས་ཉི་སྔོན་བྱོན་ཞོགས་པའི་ཚགས་པར་》ཐོག་ཚེས་3ཉིན་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་བརྟག་དཔྱད་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། 2019ལོ་ནས་2020ལོའི་བར་ཨོ་སི་ཁྲུ་ལི་ཡར་ཡུལ་སྐོར་བྱེད་མཁན་ཀྲུང་གོའི་ཡུལ་སྐོར་བའི་མི་གྲངས་ནེའུ་ཙི་ལན་ལས་ཐོག་མར་བརྒལ་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཀྲུང་གོ་ཨོ་སི་ཁྲུ་ལི་ཡའི་ཕྱི་ཁོངས་ཡུལ་སྐོར་བའི་འགྲུལ་ཁུངས་རྒྱལ་ཁབ་ཆེ་ཤོས་སུ་འགྱུར་རྒྱུ་རེད་ཅེས་བརྗོད།
         ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་བརྟག་དཔྱད་ཅུས་ཀྱིས་ཚེས་2ཉིན།《2015ལོའི་ནོར་སྲིད་ལོའི་ཡུལ་སྐོར་རྒྱང་ལྟའི་སྙན་ཞུ་》ཁྱབ་བསྒྲགས་བྱས་པ་དང་། ལོ་དེ་གར་ཨོ་སི་ཁྲུ་ལི་ཡར་ཡུལ་སྐོར་དུ་ཡོང་མཁན་མི་གྲངས་5.9%འཕར་ནས་མི་ཐེངས་ཁྲི་750ཟིན་རྒྱུའི་ནང་། ཀྲུང་གོའི་ཡུལ་སྐོར་བ་འཕར་ཚད་15.5%ཟིན་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད།
         ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་བརྟག་དཔྱད་ཅུས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཅ་ཉི་སི·ཝུའེ་ཁེས། འབྱུང་འགྱུར་ལོ་ཤས་ནང་ཨོ་སི་ཁྲུ་ལི་ཡའི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུ་དང་། ལོ་བཅུའི་རྗེས་སུ་ཨོ་སི་ཁྲུ་ལི་ཡར་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་1060ཟིན་རྒྱུ་དང་། 2019ལོར་ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་ནེའུ་ཙི་ལན་ལས་རྒྱལ་ནས། ཨོ་སི་ཁྲུ་ལི་ཡར་ཡུལ་སྐོར་དུ་ཡོང་མཁན་གྱི་རྒྱལ་ཁབ་ཆེ་གྲས་སུ་འགྱུར་བཟོ་ཡོད། སྐབས་དེ་དུས་ཀྲུང་གོའི་སྐམ་ས་ཆེ་མོའི་ཡུལ་སྐོར་བ་མི་ཐེངས་ཁྲི་140ཨོ་སི་ཁྲུ་ལི་ཡར་ཡུལ་སྐོར་དུ་ཡོང་རྒྱུ་དེ་2014ལོ་ནས་2015ལོའི་ནོར་སྲིད་ལོ་ལས་མི་ཐེངས་ཁྲི་92.77ཟིན་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།