འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཚད་ལེན་ཚོགས་ཆེན་ཐོག་རྒྱལ་སྤྱིའི་གཞི་རྩའི་འཇལ་
    བྱེད་ཆེ་གྲས་7ལ་བསྐྱར་དུ་མཚན་ཉིད་འཇོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་འཚོགས་པའི་2015ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཚད་ལེན་འཆར་འགོད་རྩ་འཛུགས་(APMP)ཚང་འཛོམས་ཚོགས་ཆེན་གྱི“རྒྱང་ལྟ། 2025—རྒྱལ་སྤྱིའི་ཚད་ལེན་འཕེལ་རྒྱས་ཀྱི་འགྲན་སློང་ཆེན་པོ”ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཆེ་གྲས་ཐོག་རྒྱལ་སྤྱིའི་ཚད་ལེན་ཨུ་ལྷན་གྱི་ཀྲུའུ་ཞི་པའེ་རུའེ·དབྱིང་ཀེ་ལི་སིས་རྒྱལ་སྤྱིའི་གཞི་རྩའི་འཇལ་བྱེད་ལམ་ལུགས་ལ་གསར་དུ་བཟོ་བཅོས་རྒྱག་རྒྱུའི་འཆར་ཟིན་གྱི་ནང་དོན་ངོ་སྤྲོད་བྱས་པ་རེད། 2018ལོའི་རྒྱལ་སྤྱིའི་ཚད་ལེན་ཚོགས་ཆེན་ཐོག་རང་བྱུང་ཁམས་ཀྱི་བརྟག་གྲངས་ཀྱིས་རྨང་གཞི་བྱས་ཏེ་ཆན་ཁེ་དང་། ཨན་པེ། ཁེར་ཝེན། མོར་བཅས་གཞི་རྩའི་འཇལ་བྱེད་4ལ་བསྐྱར་དུ་མཚན་ཉིད་བཞག་པ་དང་སྨི་དང་། སྐར་ཆ། ཁན་ཏེ་ལ་བཅས་ཀྱི་མཚན་ཉིད་བསྐྱར་བཤད་བྱས་པ་རེད།
         ཚད་ལེན་ཞིབ་ཚད་ཆེས་ཆེར་མཐོ་རུ་འགྲོ་བ་དང་ཆབས་ཅིག ཐོན་ལས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དཔེར་ན། གནད་འཁེལ་ཚད་ལེན་གྱིས་ནཱ་སྨི་ལག་རྩལ་དང་རྡོ་ནག་ཤིས་བེད་སྤྱོད་བྱ་རྒྱུར་འདེགས་སྐྱོར་བྱེད་པ་དང་། སྔོན་ཐོན་བཟོ་སྐྲུན་ཁྲོད་མཁའ་འགྲུལ་སྒུལ་བྱེད་འཕྲུལ་འཁོར་གྱི་ཞིབ་ཚད་མཐོ་རུ་སོང་བ། གནད་འཁེལ་སྨན་བཅོས་ཐོན་ལས་འཕེལ་རྒྱས་ལ་སྐུལ་མ་བཏང་བ། ཉིང་རྡུལ་ནུས་སྤྱོད་ཆུ་འཛུལ་དམག་གྲུའི་མྱུལ་ཞིབ་ཚད་ལེན་དང་མི་མངོན་པའི་ལག་རྩལ་འགྲན་རྩོད་ཀྱི་རྒྱལ་ཕམ་སོགས་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།