འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་དུ་འཁྱགས་རོམ་རྒྱ་ཆེ་ཤོས་ཡིན་པའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་མཚོ་སྔོན་དུ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆེན་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། གངས་རི་ཨ་མྱེས་རྨ་ཆེན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཐིང་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཞིབ་བཤེར་རྩིས་ལེན་ཚད་གཞི་ལོན་པ་དེ་ཐོག་ནས་རང་རྒྱལ་གྱི་ད་ཡོད་འཁྱགས་རོམ་ནང་རྒྱ་ཁྱོན་ཆེ་ཤོས་ཡིན་པའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་མཚོན་ཡོད།
         རྨ་ཆེན་རྫོང་ཁོངས་སུ་ཡོད་པའི་གངས་རི་ཨ་མྱེས་རྨ་ཆེན་རྒྱལ་ཁབ་ས་གཤིས་སྤྱི་གླིང་དེ་2012ལོར་རྒྱལ་ཁབ་ས་གཤིས་སྤྱི་གླིང་ཁག་དྲུག་པའི་མིང་གཞུང་ནང་ཚུད་པ་རེད། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1030དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་ཡོད། དེའི་ནང་རབས་ཐོག་བཞི་པ་དང་དེ་བཞིན་ད་ཡོད་འཁྱགས་རོམ་57ཡོད་པ་དེ་དག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་126ཟིན་ཡོད། དེ་ནི་མིག་སྔར་གནའ་བོའི་ཨེ་ཤེ་ཡ་ས་གཤིས་ས་དབྱིབས་ཤུལ་བཞག་ཉར་ཚགས་ཆ་ཚང་ཤོས་ཀྱི་ས་ཁོངས་གྲས་ཤིག་རེད།
         རྨ་ཆེན་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཡུས་ཕུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཉིས་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད་མིག་སྔར་མཛེས་ལྗོངས་ཁུལ་གྱི་རི་སྐོར་ལམ་དང་། མཛེས་ལྗོངས་རྒྱང་ལྟ་སྟེགས་བུ། རླངས་འཁོར་འཇོག་ས། ས་གཤིས་རྟེན་རྫས་བཤམས་མཛོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང་སྒོ་ཕྱེ་ནས་འགྲུལ་པ་སྣེ་ལེན་ཞུ་བའི་ཆ་རྐྱེན་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།