འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚ་སྡེ་དགུ་རྫོང་གིས“གསར་གཏོད་ལས་གཏོད་ཀྱི་སྐུལ་འདེད་ཐེབས་རྩ”བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་རྔ་པ་ཀྲོའུ་གཟི་ཚ་སྡེ་དགུ་རྫོང་གིས་ཉེ་དུས་《གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་པའི་གཟི་ཚ་སྡེ་དགུ་རྫོང་གི་གསར་གཏོད་ལས་གཏོད་ལག་བསྟར་ཇུས་གཞི་》བཏོན་ནས་ལོ་ལྟར་རྫོང་ནོར་སྲིད་ཀྱིས་ཆེད་དངུལ་བཏང་སྟེ“གསར་གཏོད་ལས་གཏོད་ཀྱི་སྐུལ་འདེད་ཐེབས་རྩ”བཙུགས་ནས་ཆ་རྐྱེན་དང་འཚམ་པའི་གསར་གཏོད་ལས་གཏོད་ཀྱི་མཉམ་སྡེབ་བམ་ཡང་ན་མི་སྒེར་ལ་སྒོར་5000ནས་སྒོར་ཁྲི་10བར་གྱི་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད།
         ཐེབས་རྩ་དེ་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཞིང་ལས་ཐོན་ལས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ལག་རྩལ་གསར་འབྱེད་དང་ཕྱིར་སློབ་སྦྱོང་དུ་སྐྱོད་པ། ཐོན་སྐྱེད་ཆ་རྐྱེན་ལེགས་སུ་གཏོང་བ། འབྲེལ་ཡོད་སྒྲིག་བཀོད་ལྷན་སྦྱར་འཐུས་ཚང་དུ་གཏོང་བ། ཐོན་སྐྱེད་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་དང་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།