འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་གྱོད་གཞི་ཧ་ཅང་ཆེན་པོ་ཞིག་རྩད་ཆོད་དེ་དུག་
    རྫས་ཁེ་3000ལག་ཏུ་ཐེབས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་06ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་4ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་གྲོང་ཤར་ཡན་ལག་ཅུས་ཀྱིས་ཟླ་11ཚེས་1ཉིན་དུག་རྫས་གྱོད་གཞི་ཧ་ཅང་ཆེན་པོ་ཞིག་རྩད་ཆོད་པ་དང་། ས་གནས་ས་ཐོག་ནས་ཤེལ་དུག་ཁེ་3000ཐོབ་པ། ཉེས་གསོག་དོགས་ཅན་6འཛིན་བཟུང་ཐུབ་ཡོད་པ་རེད།
         ཟླ་བཅུ་པའི་ཟླ་འགོར་ཉེན་རྟོག་ཕྱོགས་ཀྱིས་མི་ཞིག་གིས་རླངས་འཁོར་བཏང་སྟེ་ཧུའུ་པེ་ཞིང་ཆེན་ཧྲེ་ཡན་གྲོང་ཁྱེར་ནས་དུག་རྫས་འབོར་ཆེན་ཟི་ལིང་དུ་ཚོང་བར་འགྲོ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་བ་རེད། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་གྲོང་ཤར་ཡན་ལག་ཅུས་ཀྱིས་གནས་ཚུལ་ཤེས་རྟོགས་བྱུང་མ་ཐག་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་གྲལ་བཤེར་བྱས་པ་བརྒྱུད་དུག་ཚོང་ཚོགས་པ་དེས་ཟླ་བཅུ་གཅིག་པའི་ཟླ་འགོར་ཟི་ལིང་གྲོང་ཁྱེར་དུ་དུག་རྫས་ཚོང་བར་ཡོང་རྒྱུའི་ཁུངས་སྣེ་ཁུངས་བཙན་ཞིག་ཤེས་པ་རེད།
         ཟླ་11ཚེས་1ཉིན་གྱི་ཆུ་ཚོད་དང་པོ་དང་སྐར་མ་སུམ་ཅུ་རུ་གྱོད་གྲུབ་ཉེན་རྟོག་པས་ཟི་ལིང་གྲོང་ཁྱེར་གྱི་ནན་ཧྲན་ལམ་ནས་དུག་རྫས་ཉོ་ཚོང་བྱེད་བཞིན་པའི་ཉེས་གསོག་དོགས་ཅན་འཛིན་བཟུང་བྱས་པ་དང་འབྲེལ་དེ་དག་གིས་འཁྱེར་བའི་ལམ་ཆས་སྒམ་ནས་ཤེལ་དུག་ཁེ་3000སྔོག་བཤེར་བྱུང་བ་རེད།
         ཉེས་གསོག་དོགས་ཅན་དྲུག་པོས་དུག་རྫས་ལྐོག་ཚོང་གི་ཉེས་པ་བསགས་པ་སྦས་གསང་མེད་པར་ངོས་ལེན་ཞུས་ཤིང་། མིག་སྔར་གྱོད་གཞི་དེ་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།