འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་པར་མཛོད་ཐོག་མ་དཔེ་སྐྲུན་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་29ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་པར་མཛོད་ཐོག་མ་སྟེ་《བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་གི་པར་མཛོད་》ཉེ་ཆར་དཔེ་སྐྲུན་བྱས་པ་དང་། དེབ་དེར་ཡིག་འབྲུ་ཁྲི་10ལྷག་ཙམ་དང་པར་རིས་500ལྷག་ཙམ་ཡོད་པ་དེའི་ནང་བོད་ཀྱི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་300ལྷག་ཙམ་གྱི་རྒྱུན་འཛིན་ས་ཁོངས་དང་། ལོ་རྒྱུས་འབྱུང་ཚུལ། མཚོན་ཚུལ། རིག་གནས་རིན་ཐང་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2005ལོར་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་ཁྱབ་ཞིབ་བཤེར་དང་སྲུང་སྐྱོབ་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་ནས་བཟུང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་2ཙམ་བཏང་ནས་ལྷ་མོ་དང་། གླིང་སྒྲུང་། སྲོལ་རྒྱུན་གླུ་གར། ལག་ཤེས་བཟོ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱས་པར་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་མིང་ཐོའི་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།