འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་11ཚེས་1ཉིན་ནས་བཟུང་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་AEOཕན་ཚུན་
    ཁས་ལེན་བཀོད་སྒྲིག་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགག་སྒོའི་ཐུན་མོང་གི་སྐུལ་འདེད་འོག་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་AEOཕན་ཚུན་ཁས་ལེན་བྱ་རྒྱུ་དེ་ཟླ་11ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
         AEOཡི་རྒྱ་ཡིག་མཚོན་དོན་ནི“ཁས་ལེན་དཔང་འདོན་བྱས་པའི་གཉེར་སྐྱོང་པ”ཞེས་པ་དེ་ཡིན་པ་དང་དེ་ནི་འཛམ་གླིང་འགག་སྒོའི་རྩ་འཛུགས་(WCO)ཀྱིས་2005ལོའི་ཟླ་6པར་《འཛམ་གླིང་ཚོང་དོན་བདེ་འཇགས་དང་སྟབས་བདེའི་ཚད་གཞིའི་སྒྲོམ་གཞིའི་》ནང་དྲངས་པའི་ཐ་སྙད་ཅིག་ཡིན། AEOཡི་ཁེ་ལས་སུ་གྱུར་རྗེས་འགག་སྒོ་བརྒྱུད་པའི་དུས་ཚོད་ཐུང་དུ་གཏོང་བ་དང་འགག་སྒོ་བརྒྱུད་པའི་མ་གནས་ཆུང་དུ་གཏོང་བ་སོགས་ཚུད་པའི་འགག་སྒོ་བརྒྱུད་པའི་ཐོབ་ཐང་ལེགས་སུ་བཏང་ནས་ཁེ་ལས་ཀྱི་རྒྱལ་སྤྱིའི་ཚོང་དོན་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་གཏོང་ཐུབ་པ་མཚོན་ཡོད།
         ཀྲུང་གོ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་འགག་སྒོའི་AEOདང་ཕན་ཚུན་ཁས་ལེན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ཕན་ཚུན་ཁས་ལེན་ལག་བསྟར་བྱས་པ་བརྒྱུད་ཀྲུང་གོའི་མཐོ་རིམ་ཁས་ལེན་དཔང་འདོན་AEOཁེ་ལས་3000ལྷག་ཙམ་གྱིས་ཡོ་རོབ་ཏུ་ཕྱིར་གཏོང་བྱས་པའི་དངོས་ཟོག་དེ་དག་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་28ཀྱི་འགག་སྒོ་བརྒྱུད་སྐབས་ཕ་རོལ་ས་ཁོངས་ཀྱི་AEOཁེ་ལས་དང་འདྲ་བའི་འགག་སྒྲོལ་གྱི་སྟབས་བདེ་ལོངས་སུ་སྤྱོད་ཆོག ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། འགག་སྒོ་བརྒྱུད་སྐབས་ཞིབ་བཤེར་བྱེད་ཚད་70%ཉུང་དུ་སོང་བ་དང་མྱུར་ཚད་50%མགྱོགས་སུ་སོང་སྟེ་ཁེ་ལས་ཀྱི་གྲུ་ཁ་དང་། འགན་བཅོལ། ཟོག་འགྲེམས་སོགས་ཚོང་དོན་གྱི་མ་གནས་ནུས་ལྡན་ངང་ཆུང་དུ་སོང་ཡོད།
         ལོ་11བསྟུད་མར་ཡོ་རོབ་མནའ་འབྲེལ་དེ་ཉིད་ཀྲུང་གོའི་ཚོང་དོན་རོགས་ཟླ་དང་པོ་ཡིན་པ་དང་ཀྲུང་གོ་ནི་ཡོ་རོབ་མནའ་འབྲེལ་གྱི་ཚོང་དོན་རོགས་ཟླ་ཨང་གཉིས་པ་དེ་ཡིན། འདི་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བ་བཙུགས་ནས་ལོ་40འཁོར་བ་དང་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་ཚོང་དོན་དངུལ་གྲངས་ལོ་40ཡི་རིང་ལྡབ་250ལྷག་ཙམ་མང་དུ་ཕྱིན་པ་དང་ན་ནིང་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་ཕྱོགས་གཉིས་པོའི་ཚོང་དོན་དངུལ་གྲངས་ཨ་སྒོར་དུང་ཕྱུར་6000གི་འགག་སྒོ་ཆེ་མོ་ལས་བརྒལ་བ་རེད། རྒྱབ་ལྗོངས་དེ་འདྲའི་འོག་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་AEOཕན་ཚུན་ཁས་ལེན་མངོན་འགྱུར་བྱུང་སྟེ་ཕྱོགས་གཉིས་པོའི་དབར་གྱི་ཡིད་རྟོན་དང་། ཁྲིམས་སྲུང་། བདེ་འཇགས་བཅས་ཀྱི་ཁེ་ལས་ཀྱི་གཟིགས་སྐྱོང་ཆེ་ཤོས་ཀྱི་འགག་སྒོ་ལས་བརྒྱུད་པའི་སྟབས་བདེ་སྤྲད་དེ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་མཁོ་སྤྲོད་སྦྲེལ་མཐུད་བདེ་འཇགས་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་གྱི་སྲིད་གཞུང་དང་ཚོང་དོན་ལས་རིགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི“སྐུལ་འདེད་ཡོ་ཆས”ནུས་ལྡན་ཞིག་ཏུ་འགྱུར་ངེས་རེད།
      

    ཕྱོགས་བསྡུས་གསར་འགྱུར།