འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་དབྱིན་ཇིར་འཚམས་འདྲི་གནང་སྟེ་བོད་
    ལྗོངས་ཀྱི་འཕེལ་རྒྱས་དང་གྲུབ་འབྲས་སྐོར་སྤེལ་རེས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་31ཉིན་ཀྲུང་གོའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པས་དབྱིན་ཇི་རྒྱལ་ཁབ་ཏུ་དུས་ཡུན་ཉིན་4རིང་གི་སྤེལ་རེས་འཚམས་འདྲིའི་བྱེད་སྒོ་བདེ་བླག་ངང་མཇུག་བསྒྲིལ་བ་རེད། འཚམས་འདྲིའི་སྐབས་སུ་སྤེལ་རེས་ཚོགས་པས་བཞུགས་མོལ་བགྲོ་གླེང་དང་བདེ་འདྲི་སོགས་ཀྱི་སྒོ་ནས་དབྱིན་ཇིའི་ལས་རིགས་ཁག་གི་མི་སྣ་ཚོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་པ་ནས་བཟུང་བོད་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྤེལ། རིག་གནས་འཛུགས་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་སོགས་ཀྱི་ཁྱབ་ཁོངས་སུ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ངོ་སྤྲོད་བྱས་པ་དང་འབྲེལ་དབྱིན་སྡོད་བོད་རིགས་སྤུན་ཟླ་ཚོར་མཇལ་ནས་བདེ་འདྲི་ཡང་བྱས་པ་རེད།
         བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པའི་ཚོགས་གཙོ་དང་བོད་རང་སྐྱོང་ལྗོངས་ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་གཞོན་པ་ཝང་ནེང་ཧྲེང་གིས་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པ་ནི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབྱིན་ཇི་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་གནང་བར་གྲུབ་འབྲས་གལ་ཆེན་པོ་ཐོབ་པའི་རྒྱབ་ལྗོངས་གལ་ཆེན་དང་མཛའ་མཐུན་གྱི་རྣམ་པའི་ཁྲོད་དབྱིན་ཇིར་འཚམས་འདྲི་བྱེད་པར་ཡོང་བའི་བོད་ལྗོངས་རིག་གནས་སྤེལ་རེས་ཚོགས་པ་དང་པོ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།