འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་མི་རིགས་ཀྲོའུ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོའི་
    གདན་ཞུའི་འགྲན་བསྡུར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་མི་རིགས་ཀྲོའུ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོའི་
གདན་ཞུའི་འགྲན་བསྡུར་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་མི་རིགས་ཀྲོའུ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ཚེས་1ཉིན་འགོ་ཚུགས་པ་དང་ཤིན་ཅང་དང་། སོག་པོ། ཡུན་ནན། ཅི་ལིན་སོགས་ནས་ཡོང་བའི་མི་རིགས་ཀྲོའུ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོའི་འཐུས་མི་རུ་ཁག་10དང་ལན་ཆིའུ་སྤོ་ལོ་རྒྱག་མཁན་160ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་རེད། འདི་ནི་བོད་དུ་མི་རིགས་ཀྱི་ཀྲོའུ་དང་གྲོང་ཁྱེར་དབར་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་ཐེངས་དང་པོ་ཡིན་ཞིང་། དེའི་དམིགས་ཡུལ་ནི་མི་རིགས་ས་ཁུལ་ཁག་དབར་གྱི་སྤེལ་རེས་དང་འགྲོ་འོང་ལ་ཤུགས་སྣོན་རྒྱག་ཆེད་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ལྷ་ས་གྲོང་ཁྱེར་དང་། ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར། ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ། བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ། ཝེན་ཧྲན་ཀྲོང་རིགས་མེའོ་རིགས་རང་སྐྱོང་ཀྲོའུ། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ། ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ། ཉིང་ཞ་ཧུའེ་རིགས་རང་སྐྱོང་ཀྲོའུ་སོགས་ཀྲོའུ་དང་གྲོང་ཁྱེར་གྱིས་སྤོ་ལོའི་རུ་ཁག་ཧྲག་པོ་འགྲན་བསྡུར་ནང་མངགས་ཤིང་འགྲན་བསྡུར་དེ་གཟའ་འཁོར་གཅིག་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།
         གངས་ལྗོངས་ས་མཐོའི་ས་བབ་མཐོ་བ་དང་མཁའ་རླུང་དཀོན་པོ་ཡིན་པས་འགྲན་བསྡུར་བདེ་བླག་ངང་གཉེར་རྒྱུ་འགན་ལེན་བྱ་ཆེད་འགྲན་བསྡུར་ལས་དོན་ཚོགས་ཆུང་ཨུ་ལྷན་གྱིས་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་སྨན་བཅོས་མི་སྣ་འགྲན་བསྡུར་བྱ་ཡུལ་དུ་བཅའ་སྡོད་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་བདམས་ཐོན་པའི་གཟུགས་པོའི་གནས་ཚུལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་ཚད་ལེན་བྱས་ཏེ་དུས་ཐོག་ཏུ་སྨན་བཅོས་ཞབས་ཞུ་བྱ་རྒྱུ་རེད།
         ཉིན་དེའི་སྔ་དྲོ་ལྷ་སའི་ས་གཙང་རུ་ཁག་གིས་ཡུན་ནན་ཏ་ལི་རུ་ཁག་དང་སྤོ་ལོ་བརྒྱབ་སྟེ་འགྲན་བསྡུར་ཚ་ཚ་འུར་འུར་ཞིག་བྱས་ཤིང་། ལན་ཆིའུ་སྤོ་ལོ་རུ་ཁག་གཉིས་ཀྱིས་ས་མཐོའི་གསོ་རླུང་མི་འདང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་སྤོ་ལོ་བླུགས་རེས་དང་ཕན་ཚུན་འཕྲོག་རེས་བྱས་ཏེ་དེ་གར་ཡོད་པའི་སྤོ་ལོ་དབྱིངས་པ་ཚོར་ཆུ་ཚད་མཐོ་བའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ཞིག་ལྟ་རྒྱུ་བྱུང་བ་རེད།
         ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་འཐུས་མི་རུ་ཁག་གི་རྩལ་སློབ་པ་ལྷ་ཝུའེ་ཏུང་གིས་ལྷ་སའི་ས་བབ་ཧ་ཅང་མཐོ་སྟབས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་བྱེད་པར་སྤོ་ལོ་རྒྱག་མཁན་གྱི་གཟུགས་པོའི་རེ་བ་མཐོ་པོ་ཡོད་ཀྱང་ཐོག་མའི་འགྲན་བསྡུར་བྱས་པའི་ཕན་འབྲས་ཐོག་ནས་བལྟས་ཚེ་ནང་སའི་ལན་ཆིའུ་སྤོ་ལོ་རྒྱག་མཁན་ལས་དེ་ཙམ་ཞན་པ་མི་འདུག་ཅེས་བཤད།
         དེའི་རྗེས་མི་རིགས་ཀྲོའུ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོ་རུ་ཁག་བཅུ་པོས་རེས་འཁོར་འགྲན་བསྡུར་བྱ་རྒྱུ་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ཚེས་7ཉིན་བྱ་རྒྱུ་རེད།
    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་མི་རིགས་ཀྲོའུ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོའི་
གདན་ཞུའི་འགྲན་བསྡུར་འགོ་ཚུགས་པ།
    ༄༅།།ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་མི་རིགས་ཀྲོའུ་དང་གྲོང་ཁྱེར་གྱི་ལན་ཆིའུ་སྤོ་ལོའི་
གདན་ཞུའི་འགྲན་བསྡུར་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།