འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ཕྱེད་ཀའི་ཐོག་ནས་ཡུལ་སྐོར་བ་བསུ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་02ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་ 1ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སླེབས་པ་དང་བསྟུན་ནས། བོད་ལྗོངས་ཀྱི་མཛེས་ལྗོངས་ཁུལ་གྲགས་ཅན་མང་ཆེ་བས་སྒོ་འཛིན་གྱི་རིན་གོང་ཕྱེད་ཀར་བཏང་ནས་ཕྱོགས་བཞིའི་ཡུལ་སྐོར་བ་བསུ་བཞིན་ཡོད་པ་རེད། 
         ཤེས་རྟོགས་བྱུང་བ་ལྟར་ན། ཟླ་ 11ཚེས་1ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལ་དང་། གནམ་མཚོ། བཀྲ་ཤིས་ལྷུན་པོ་དགོན་པ། ཇོ་རི། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་པོ། གནས་ཡུལ་གྲོག་རོང་། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་གྲགས་ཅན་ཚང་མས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ་སྒོ་འཛིན་རིན་གོང་ཕྱེད་ཀར་གཏོང་རྒྱུ་ཡིན་པ་དང་། མགྲོན་ཁང་ཁ་ཤས་ཀྱིས་རིན་གོང་ 40%ནས་60%མར་བཅག་པ་རེད། ལྷ་ས་ནས་ཉིང་ཁྲིའི་བར་དུ་སྒོར་300ཡིས་ཕར་འགྲོ་ཚུར་འོང་བྱེད་རྒྱུའི་རིན་གོང་ཚད་བརྒལ་དམའ་བའི་གནམ་གྲུའི་སྤ་སེ་འཚོང་འགོ་བརྩམས་པ་རེད།
         བོད་ལྗོངས་སུ་ཡུལ་སྐོར་བ་མང་ཉུང་གི་དུས་ཚིགས་མངོན་གསལ་དོད་པོ་ཡིན་ཞིང་། ལོ་རེའི་ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་ནི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡིན་པ་དང་། ལྷག་པར་དུ་ཟླ་7པ་དང་ཟླ་8པ་གཉིས་ཀྱི་སྐབས་སུ་མཛེས་ལྗོངས་ཁུལ་གྲགས་ཅན་དཔེར་ན་ཕོ་བྲང་པོ་ཏ་ལ་ལྟ་བུར་སྒོ་འཛིན་གཅིག་ཀྱང་ལག་དུ་རག་དཀའ་བས། ཡུལ་སྐོར་བ་ཚོས་ཉིན་འགར་སྒུག་ཚེ་ད་གཟོད་ལྟ་སྐོར་གྱི་སྒོ་འཛིན་མངགས་ཉོ་བྱེད་ཐུབ་ཀྱི་ཡོད། དེ་དང་དུས་མཚུངས་སུ་ཞག་སྡོད་ཁང་ཡང་དཀོན་པ་མ་ཟད་རིན་གོང་ཡང་མཐོ་ལ། ཕར་འགྲོ་ཚུར་འོང་བྱེད་རྒྱུའི་གནམ་གྲུ་དང་མེ་འཁོར་གྱི་སྤ་སེ་ཡང་ངེས་པར་དུ་ཉིན་འགའི་སྔོན་དུ་མངགས་ཉོ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།