འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སེ་ནེ་ཀལ་སྲིད་གཞུང་གིས་སེ་ནེ་ཀལ་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་
    རོགས་སྐྱོབ་རུ་ཁག་ལ་བྱ་དགའ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཏ་ཁར་ནས་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ཆར། སེ་ནེ་ཀལ་ལ་རོགས་སྐྱོབ་བྱེད་མཁན་སྨན་བཅོས་རུ་ཁག་ཁག་བཅོ་ལྔ་པ་སེ་ནེ་ཀལ་པི་ཅི་ན་རྒྱལ་ཁབ་སྨན་ཁང་དུ་བྱས་རྗེས་རྟགས་མ་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། སེ་ནེ་ཀལ་གྱི་ཙུང་ཐུང་ས་ལིའི་སྐུ་ཚབ་ཀྱིས་སེ་ནེ་ཀལ་ལ་རོགས་སྐྱོབ་བྱེད་མཁན་ཀྲུང་གོའི་སྨན་བཅོས་རོགས་སྐྱོབ་རུ་ཁག་གི་རུ་དཔོན་ཝུང་ཝུའེ་ལ་སེང་གེའི་བྱས་རྗེས་གཟེངས་རྟགས་མཐོ་ཤོས་སྤྲད་པ་དང་། སྨན་བཅོས་རུ་མི་ཡོངས་ལ་སེ་ནེ་ཀལ་འཕྲོད་བསྟེན་པུའི་གསེར་གྱི་བྱ་དགའ་ཡང་སྤྲད་པ་རེད།
         པི་ཅི་ན་རྒྱལ་ཁབ་སྨན་ཁང་གི་ཡོན་ཀྲང་ཁའེ་པིས་མཛད་སྒོའི་ཐོག་ཀྲུང་གོའི་སྨན་བཅོས་རུ་ཁག་གི་དཀའ་སྤྱད་ལས་སྒྲུབ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོའི་སྲིད་གཞུང་དང་སྨན་བཅོས་རུ་ཁག་གིས་སེ་ནེ་ཀལ་མི་དམངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་གནས་སྟངས་ལེགས་སུ་གཏོང་རྒྱུར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་ཅེས་བརྗོད་པ་རེད། སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ཚོང་གཉེར་ཁྲུའི་རིམ་པ་དང་པོའི་དྲུང་ཡིག་ཀྲང་མའེ་ཆིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར། སྨན་བཅོས་རུ་ཁག་གི་ལས་དོན་ལ་ས་གནས་སུ་སྤྱི་ཚོགས་ཀྱི་ཚུར་སྣང་ལན་ཆ་ཡག་པོ་བྱུང་ནས། ད་ཐེངས་གཟེངས་བསྟོད་བྱས་པ་ལས་སེ་ནེ་ཀལ་སྲིད་གཞུང་གིས་སྨན་བཅོས་རུ་ཁག་གི་ལས་དོན་ལ་ཁས་ལེན་བྱས་པ་མཚོན་གྱི་ཡོད་ཅེས་བརྗོད།
         ཝུང་ཝུའེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་སེ་ནེ་ཀལ་ལ་རོགས་སྐྱོབ་བྱེད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་བཅོ་ལྔ་པ་ནི་ཕུའུ་ཅན་ལུང་ཡན་ནས་ཡིན་པའི་སྨན་པ་13ལས་གྲུབ་པ་ཞིག་རེད། 2013ལོའི་ཟླ་བ་དགུ་པར་སྨན་བཅོས་རུ་ཁག་སེ་ནེ་ཀལ་དུ་འབྱོར་ནས་སྨན་བཅོས་རོགས་སྐྱོབ་ཀྱི་ལས་འགན་བསྒྲུབས་པ་རེད། ཨའེ་པོ་ལ་རིམས་ནད་སྔོན་འགོག་བྱེད་རིང་། སྨན་བཅོས་རུ་ཁག་གིས་ཀྲུང་གོའི་རྒྱལ་ནང་གི་རིགས་གཅིག་མཁས་ཅན་ལ་གཞོགས་འདེགས་བྱས་ནས་ས་གནས་ཀྱི་སྨན་དོན་མི་སྣ་500ལྷག་ཙམ་གསོ་སྦྱོང་བྱས་པ་རེད། ལོ་གཉིས་ཀྱི་དུས་ཚོད་ནང་སྨན་བཅོས་རུ་ཁག་གིས་མི་ཐེངས་ཁྲི་1.7ཙམ་ལ་སྨན་བཅོས་བྱས་པ་མ་ཟད། གཞི་རིམ་དུ་བསྐྱོད་དེ“བདེ་ཐང་མྱུར་འཁོར”གྱི་སྐོར་གཡེང་ཞབས་ཞུ་བསྒྲུབས་ཏེ་བས་མཐའི་ས་ཁུལ་གྱི་ནད་པ་2700ལྷག་ཙམ་ལ་འོས་འགན་སྨན་བཅོས་བྱས་པ། དེ་དང་ཕྱོགས་མཚུངས། ད་དུང་སྐྱ་འགྲིབ་བསྐྱར་མཐོང་གི་རིན་མེད་གཤག་བཅོས་བྱས་ཏེ་ནད་པ་160ཡི་མིག་གསལ་ནས་ལེགས་གྲུབ་བྱུང་ཚད་100%ཟིན་པས། ཙུང་ཐུང་ས་ལིས་ད་དུང་ཆེད་མངགས་གཤག་བཅོས་བྱ་ཡུལ་དུ་བསྐྱོད་ནས་སྨན་བཅོས་རུ་ཁག་ལ་འཚམས་འདྲི་ཡང་བྱས་འདུག་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།