འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འགྲེམས་སྟོན་ཅ་ཁར་ཐར་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིས་གཙོ་གཉེར་བྱས་པའི“ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འགྲེམས་སྟོན”ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐར་དུ་གཉེར་བ་རེད། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཁེ་ལས་པུའི་པུའུ་ཀྲང་ལྕམ་ལི་ཉི་སོགས་ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་། རྒྱལ་ཁབ་ཁེ་ལས་ཀྱི་འཐུས་མི་དང་སྨྱན་སྦྱོར་གྱི་འཐུས་མི་གོང་ཚེས་ཉིན་གྱི་འགོ་འཛུགས་མཛད་སྒོར་ཞུགས་པ་རེད། ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞེ་ཕུང་གིས་འགོ་འཛུགས་མཛད་སྒོར་གཏམ་བཤད་སྤེལ་ནས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་འདོད་ཡོད་ལུགས་གསུངས་པ་རེད།
         གོང་ཚེས་ཉིན་གྱི་འགོ་འཛུགས་མཛད་སྒོ་འཚོགས་རྗེས། གཙོ་གཉེར་ཕྱོགས་ཀྱིས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འགྲེམས་སྟོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་འཕེལ་རྒྱས་གནས་ཚུལ་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་པ་དང་འབྲེལ། ཧིན་རྡུ་ཉི་ཞི་ཡའི་གསར་འགོད་པ་བཅུ་གྲངས་དང་སྤེལ་རེས་བྱས་ནས་གསར་འགོད་པས་བཏོན་པའི་འབྲེལ་ཡོད་གནད་དོན་ལ་ལན་བཏབ་པ་རེད།
         དུས་ཡུན་གཟའ་འཁོར་གཅིག་གི་འགྲེམས་སྟོན་དེས“མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ”གྱི་བརྗོད་དོན་གཙོ་བོར་བྱས་ཏེ་པར་རིས་འགྲེམས་སྟོན་དང་། དྲིལ་བསྒྲགས་གློག་བརྙན། ངོས་བརྐོས་བཟོ་དབྱིབས་སོགས་ཀྱི་རྣམ་པ་ནས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་པ་དང་། རྩད་ཞིབ་ཇུས་འགོད་དང་། སྒྲིག་ཆས་ཞིབ་བཟོ། ཨར་ལས་འཛུགས་སྐྲུན། ལག་རྩལ་གསར་གཏོད། གཉེར་སྐྱོང་དོ་དམ། ཤེས་ལྡན་མི་སྣ་གསོ་སྦྱོང་སོགས་ཀྱི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་གྲུབ་འབྲས་ཐོབ་པའི་བྱེད་སྟངས་དང་། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་བསྟན་ཡོད།
         འགྲེམས་སྟོན་རིང་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་ཡོད་མི་སྣས་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་དང་། སྒྲིག་ཆས་ཞིབ་བཟོ། གཉེར་སྐྱོང་དོ་དམ་ལག་རྩལ་སོགས་ལ་སྤེལ་རེས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།