འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཚན་རྩལ་གསར་གཏོད་བྱས་ནས་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་
    རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་། ཞིང་ཆེན་རིམ་པའི་ཚན་རྩལ་ཆེདགཉེར་རྣམ་གྲངས་གལ་ཆེན་ལ་བརྟེན་པ། ཚན་རྩལ་གྱིས་གྲོང་གསེབ་གསར་པ་དང་འབྲོག་ཁུལ་གསར་པའི་འཕེལ་རྒྱས་ལ་འདེགས་སྐྱོར་སྐུལ་འདེད་གཏོང་བ་སོགས་ཚན་རྩལ་རྣམ་གྲངས་བརྒྱུད། ཚན་རྩལ་གྲུབ་འབྲས་ཁག་གཅིག་ཁྱབ་གདལ་བཏང་བ་དང་། ལེགས་ལྡན་ཁྱད་ལྡན་ཐོན་ལས་ཁག་གཅིག་སྐྱེད་སྲིང་བྱས་ནས། ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུའི་སྐུལ་ཁྲིད་བྱས་པ་དང་། མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་863འཆར་གཞིའི་རྣམ་གྲངས་གལ་ཆེན“འོད་ཤུགས་དྲ་སྦྲེལ་མ་ལག་ཆེ་གྲས་ཇུས་འགོད་འདུས་གྲུབ་ལག་རྩལ་ཞིབ་འཇུག་དཔེ་སྟོན་དང་དེ་བཞིན་སྒྲིག་ཆས་ཞིབ་བཟོ”སོགས་ལག་བསྟར་བྱས་ནས། བོད་རིགས་ས་ཁུལ་གྱི་ནུས་རྒྱུ་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་ཚན་རྩལ་འདེགས་སྐྱོར་འཆར་གཞིའི་རྣམ་གྲངས་དང་ཟུང་འབྲེལ་གྱིས་ལག་བསྟར་བྱས་པས། “སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་པ་བསྐྱར་སྐྲུན་གྱི་ཚན་རྩལ་སྣེ་ཁྲིད་བྱ་སྤྱོད་འཆར་གཞི”ཁྱོན་ཡོངས་ནས་ལེགས་སྒྲུབ་བྱུང་བ་དང་། ཡུལ་ཤུལ་བསྐྱར་སྐྲུན་ཚན་རྩལ་དཔེ་སྟོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་མངོན་འགོ་ཚུགས་ཡོད།
         མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས། སྣོད་བཅུད་འབྲོག་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་ཚོད་ལྟ་ཁུལ་ལ་བརྟེན་ནས། “དྲོ་དུས་ཕྱུགས་འཚོ་བ་དང་གྲང་དུས་གཟན་སྟེར་རྒྱུ་གཉིས་ཟུང་དུ་འབྲེལ་བའི”ཐོན་སྐྱེད་བྱེད་སྟངས་གཉིས་ལག་བསྟར་བྱས་པ་དང་། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། སྣོད་བཅུད་ཀྱི་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ་ཡོད།
         མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚྭ་འདམ་གཤོང་སའི་སྐྱེས་ལྡན་སྣོད་བཅུད་རྣམ་པའི་སྒྲིག་ཆས་སྔོ་ཚལ་ས་མེད་འདེབས་འཛུགས་ཐོན་སྐྱེད་ལག་རྩལ་དཔེ་སྟོན་དང་ཁྱབ་གདལ་རྣམ་གྲངས་དེ་བྱེ་ཐང་དང་། ཐང་རྒོད། ཚྭ་ལྡན་ས་ཞིང་བཅས་སུ་ཐོན་སྐྱེད་ཐུབ་པས། འབྲུ་རིགས་དང་སྔོ་ཚལ་འདེབས་ཞིང་ཧབ་རྩོད་རྒྱག་པའི་འགལ་བ་ཞི་ལྷོད་དུ་བཏང་ནས་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།
         མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་བོད་ལུག་མ་མོར“ལོ་གཉིས་ནང་མངལ་ཐེངས་གསུམ་འཁོར”བའི་ཚོད་ལྟ་ཁྱབ་གདལ་རྣམ་གྲངས་ལ་གྲུབ་འབྲས་ཐོབ་ཡོད། ལག་རྩལ་དེས་མ་མོའི་ལུ་གུ་བཙའ་ནུས་ཆེ་རུ་ཕྱིན་ནས་མ་མོ་དང་ལུ་གུ་རང་བྱུང་རྩྭ་རར་རྩྭ་བཟའ་བའི་དུས་ཚོད་ཐུང་དུ་བཏང་སྟེ། ཕྱུགས་རིགས་ཉུང་གཏོང་དང་ལས་ཆོད་ཆེར་གཏོང་ཐུབ་ཡོད།
         གཞན་ཡང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྣོད་བཅུད་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་དང་། གསར་གཏོད་རྣམ་པའི་ཚྭ་མཚེའུ་རྫས་འགྱུར་བཟོ་ལས་འཁོར་རྒྱུག་དཔལ་འབྱོར་གྱི་ཁྱད་ལྡན་ཐོན་ལས་འདུས་ཚོགས་སོགས་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་གཏོད་སྟེགས་བུ་ཁག་གཅིག་གསར་གཏོད་བྱས་ནས། བོད་རིགས་ས་ཁུལ་གྱི་ཚན་རྩལ་གསར་གཏོད་སྟེགས་བུ་དང་རྟེན་གཞི་འཛུགས་སྐྲུན་གྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།