འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དགོན་སྡེ་དོ་དམ་བྱེད་སྟངས་གསར་གཏོད་བྱས་པར་ཕན་འབྲས་ཐོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱིས་དགོན་སྡེ་དོ་དམ་བྱེད་སྟངས་གསར་གཏོད་བྱས་པར་ཕན་འབྲས་ཐོན་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་འཕྲེང་རིང་ཤང་དུ་ཡོད་པའི་གླིང་ཕུ་དགོན་དུ། 2007ལོར་གློག་དང་2012ལོར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་། 2013ལོར་དགོན་སྡེའི་དཔེ་ཁང་ཡང་བཙུགས་ཤིང་། 1992ལོ་ནས་བཟུང་། གྲྭ་བཙུན་གསུམ་བཞི་རེ་ཤག་གཅིག་ཏུ་སྡོད་པའི་གནས་ཚུལ་རིམ་བཞིན་ལེགས་སུ་ཕྱིན་ནས། གྲྭ་བཙུན་རེར་ཤག་རེ་ཡོད། 2013ལོ་ནས་གྲྭ་ཤག་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པས། གྲྭ་ཤག་གསར་པའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་མ་ཟད། འཚོ་བའི་ཆ་རྐྱེན་ཡང་ཧ་ཅང་ལེགས་སུ་ཕྱིན་ཡོད་པ་རེད།
         མིག་སྔར་གླིང་ཕུ་དགོན་གྱི་གྲྭ་བཙུན་ཚང་མ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དང་། རྒན་གསོ་འགན་བཅོལ། སྨན་བཅོས་འགན་བཅོལ་(སྤྱི་ཚོགས་འགན་བཅོལ་མ་ལག)བཅས་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་བཙུགས་པས་ཆོས་དད་རང་མོས་སྲིད་ཇུས་ལག་བསྟར་ཧུར་ཐག་བྱས་པ་མ་ཟད། དོ་དམ་ལམ་སྲོལ་གསར་གཏོད་བྱས་ནས་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་སོགས་ཀྱི་བརྗོད་བྱ་གཙོ་བོའི་ཁྲིམས་ལུགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཐུབ་ཡོད། དགོན་སྡེ་དོ་དམ་ཨུ་ལྷན་གྱིས་དགོན་པའི་ཆོས་ལུགས་བྱེད་སྒོ་ཚང་མ་གཅིག་གྱུར་ཐོག་ཐོ་འགོད་སྒྲུབ་གཉེར་བྱས་ནས་མི་སེར་ཚོའི་ཆོས་ལུགས་དགོས་མཁོ་བསྐངས་བ་དང་ཆབས་ཅིག ཆོས་ལུགས་བྱེད་སྒོ་བརྒྱུད་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་བྱས་ཏེ། ཞི་མཐུན་དཔེ་བཟང་དགོན་སྡེ་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཞིང་། འདི་ནི་རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ནས་ཡིན་པའི་དགེ་འདུན་པ་བསྟན་པའི་རྒྱལ་མཚན་གྱིས་རང་ཉིད་ཀྱི་ཤག་ཏུ་བརྙན་འཕྲིན་ལྟ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།