འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀེ་རི་སེའི་ཙུང་ལི་ཆི་ཧྥུ་ལ་སིས་ལས་དགོངས་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་25ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་གྱི་དགོང་མོ་ཀེ་རི་སེའི་ཙུང་ལི་ཆི་ཧྥུ་ལ་སིས་སྲིད་གཞུང་གི་ལས་གནས་དགོངས་པ་ཞུ་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད། སྔ་བསྣུར་དུ་འདེམས་བསྐོ་ཆེ་མོ་བྱེད་དགོས་པའི་རེ་བ་བཏོན་པ་རེད།
         དེ་ཉིན་དགོང་མོ་ཆི་ཧྥུ་ལ་སིས་བརྙན་འཕྲིན་གཏམ་བཤད་སྤེལ་ནས་གཏན་འབེབས་དེ་ཁྱབ་བསྒྲགས་བྱས་པ་དང་། དེ་རྗེས་ཀེ་རི་སིའི་ཙུང་ཐུང་ཕ་ཧྥུ་ལུ་ཧྥུ་ལུ་སིར་དངོས་སུ་ལས་དགོངས་ཞུ་རྒྱུའི་ཞུ་ཡིག་ཕུལ་བ་རེད། ཆི་ཧྥུ་ལ་སིས་བརྙན་འཕྲིན་གཏམ་བཤད་བྱེད་རིང་། “ངས་ཟླ་1ཚེས་25ཉིན་གྱི་འདེམས་བསྐོ་ཆེ་མོར་དབང་ཆ་སྤྲད་པ་ལག་བསྟར་བྱས་པ་ཡིན། ད་ཆ་ཀེ་རི་སེའི་མི་དམངས་ཀྱིས་ཁོང་ཚོའི་དབང་ཆ་ངེས་པར་དུ་སྤྱོད་དགོས”ཅེས་བཤད་པ་དང་། ཆི་ཧྥུ་ལ་སིས་ང་ལས་དགོངས་ཞུ་དོན་ནི་ཀེ་རི་སེའི་མི་དམངས་ཀྱིས་སྲིད་གཞུང་དང་རྒྱལ་སྤྱིའི་བུན་བདག་དབར་རེས་སྐོར་གསུམ་པའི་རོགས་སྐྱོབ་གྲོས་མཐུན་བཞག་པའི་ཁྲུན་ཐག་གཅོད་ཆེད་ཡིན་ཞེས་བཤད་པ་རེད།
         ཀེ་རི་སེ་གྲོས་ཚོགས་ཀྱིས་ཉིན་ཤས་གོང་གྲོས་འཆམ་བྱུང་བའི་རེས་སྐོར་གསུམ་པའི་རོགས་སྐྱོབ་གྲོས་མཐུན་གཞིར་བཟུང་། བུན་བདག་གིས་སླད་ཕྱིན་གྱི་ལོ་གསུམ་ནང་ཀེ་རི་སེར་ཨ་སྒོར་དུང་ཕྱུར་850ཡི་རོགས་སྐྱོབ་དངུལ་བུན་གཏོང་རྒྱུ་དང་། ཀེ་རི་སེས་ཁྲལ་བསྡུ་དང་། རྒན་གསོ་འགན་བཅོལ། བསྡོམས་རྩིས། ཁྲིམས་འཛིན། དངུལ་ཁང་སོགས་ལ་སྒྱུར་བཅོས་རབ་དང་རིམ་པ་བྱ་རྒྱུ་མ་ཟད། ཨ་སྒོར་དུང་ཕྱུར་500ཟིན་པའི་གཞུང་ཁོངས་རྒྱུ་ནོར་འཚོང་རྒྱུའི་ཁས་ལེན་བྱས་པ་རེད། གྲོས་མཐུན་གྱི་ནང་དོན་སྲིད་འཛིན་མནའ་འབྲེལ་གྱི་ཁུ་བསྡུར་ངོ་རྒོལ་བྱེད་པའི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་དང་འགལ་ཡོད་པས། སྲིད་འཛིན་ཏང་གི་གྲོས་མི་ཁ་ཤས་ཀྱིས་ཡོངས་བསྒྲགས་ངང་གྲོས་མཐུན་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།
         ཆི་ཧྥུ་ལ་སིས་ཁོང་གི་སྲིད་གཞུང་གིས་འདི་ལོའི་ཟླ་བ་དང་པོར་ཙུང་ལིའི་འགན་འཁུར་སྐབས་ཁས་ལེན་བྱས་པའི་རོགས་སྐྱོབ་གྲོས་མཐུན་འཇོག་ཐུབ་མེད་པ་དང་འབྲེལ། བུན་བདག་ལ་བསམ་ཤེས་བྱས་ནའང་གྲོས་མཐུན་གསར་པ་ནི་ཀེ་རི་སེས་དམ་འཛིན་ཐུབ་པའི་འཕེལ་རྒྱས་ཀྱི་གོ་སྐབས་ལེགས་ཤོས་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།