འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་སྣུམ་སྣོན་ས་ཚིགས། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་སྣུམ་སྣོན་ས་ཚིགས།
         མི་དམངས་དྲ་བའི་འཕྲིན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཕྱིར་ཚོང་ཀུང་སིའི་མཚོ་གཉིས་སྣུམ་སྣོན་ས་ཚིགས་ནི་མིག་སྔར་འཛམ་གླིང་ཐོག་གི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་སྣུམ་སྣོན་ས་ཚིགས་ཡིན། རང་བྱུང་ཆ་རྐྱེན་ཞན་པའི་འོག་སྣུམ་སྣོན་ས་ཚིགས་དེས་2003ལོ་ནས་བཟུང་ཁྱོན་སྣུམ་གྲུབ་མ་སྣ་ཚོགས་ཏུན་ཁྲི་1.4མཁོ་འདོན་བྱས་ནས་བོད་བྱང་ཐང་ས་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། 
    མིག་སྔར་མཚོ་གཉིས་རྫོང་མཁར་དུ་གནས་པའི་མཚོ་གཉིས་སྣུམ་སྣོན་ས་ཚིགས་ནི་2012ལོར་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་སིའི་འཛུགས་སྐྲུན་ཚད་གཞི་གསར་པ་གཞིར་བཟུང་ནས་གསར་སྐྲུན་བྱས་པ་ཞིག་ཡིན་པས་དགུན་ཁ་གྲང་ངར་ཆེ་བ་དང་གངས་བབས་པའི་དུས་སུའང་སྣུམ་སྣོན་ས་ཚིགས་དེས་ལམ་ཐག་སྤྱི་ལེ་1000ལྷག་ཙམ་རྒྱུད་ལ་སྣུམ་གྲུབ་མ་མཁོ་སྤྲོད་ཐུབ་པའི་འགན་སྲུང་བྱས་ནས་བོད་བྱང་ཐང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་ཆེད་འདོན་སྤེལ་བྱེད་འོས་པའི་ནུས་པ་བཏོན་པར་བརྟེན་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་ཀུང་སིའི་བོད་ལྗོངས་ཕྱིར་ཚོང་ཀུང་སིའི་སྔོན་ཐོན་སྣུམ་སྣོན་ས་ཚིགས་སུ་བདམས་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་ཀྱི་སྣུམ་སྣོན་ས་ཚིགས།
      

    ཕྱོགས་བསྡུས་གསར་འགྱུར།