འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་ཞུས་ཡུང་རྫོང་རུ་དྲག་ཆར་བབ་ནས་ཆུ་ལོག་གནོད་འཚེ་བྱུང་བ་ལས་
    མི་11རྐྱེན་ལམ་དུ་ཤོར་བ་ངོས་འཛིན་ངེས་གཏན་བྱས་པ་དང་
    ད་དུང་མི་13འབྲེལ་ཐག་ཆད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་21ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་ཞིང་ཆེན་ཞུས་ཡུང་རྫོང་རུ་དྲག་ཆར་བབ་ནས་ཆུ་ལོག་གནོད་འཚེ་བྱུང་བ་ལས་
མི་11རྐྱེན་ལམ་དུ་ཤོར་བ་ངོས་འཛིན་ངེས་གཏན་བྱས་པ་དང་
ད་དུང་མི་13འབྲེལ་ཐག་ཆད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་20ཉིན་སི་ཁྲོན་ཞིང་ཆེན་ཞུས་ཡུང་རྫོང་ཨུ་ལྷན་དྲིལ་བསྒྲགས་པུའི་ཆ་འཕྲིན་ལྟར་ན། ཟླ་8ཚེས་19ཉིན་གྱི་ཆུ་ཚོད་23དང་སྐར་མ་50ཡི་བར་དུ་ཚེས་17ཉིན་ཞུས་ཡུང་རྫོང་པའེ་ནཱ་མིའོ་རིགས་ཤང་དུ་དྲག་ཆར་བབ་ནས་ཆུ་ལོག་གནོད་འཚེ་བྱུང་བ་ལས་མི་11རྐྱེན་ལམ་དུ་ཤོར་བ་ངོས་འཛིན་ངེས་གཏན་བྱས་པ་དང་། ད་དུང་མི་13འབྲེལ་ཐག་ཆད་པ་རེད། མིག་སྔར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱིས་ཤུགས་ཡོད་རྒུས་ཉེན་སེལ་གུད་སྐྱོབ་དང་འབྲེལ་ཐག་ཆད་པའི་མི་སྣ་འཚོལ་སྐྱོབ་ལས་ཀ་སྒྲིག་འཛུགས་དང་། སྤྱི་བདེ་དང་། ཉེན་རྟོག་དྲག་དཔུང་། མེ་འགོག་མེ་གསོད་བཅས་ཀྱི་དཔོན་དམག་དང་། ཡུལ་དམག་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་རྣམས་སྒྲིག་འཛུགས་བྱས་ཏེ་ཁྱིམ་དུད་རེ་རེ་བཞིན་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། གེགས་སེལ་དངོས་རྫས་ཁག་དང་པོ་ཚེས་19ཉིན་གྱི་ཐོ་རངས་སུ་གནོད་ཐེབས་ས་ཁུལ་དུ་བསྐྱལ་ཡོང་བ་དང་། རྗེས་མཐུད་ཀྱི་གེགས་སེལ་དངོས་རྫས་ཀྱང་གཅིག་རྗེས་གཉིད་མཐུད་དུ་སྐྱེལ་ཡོང་བཞིན་ཡོད་པ་རེད། ས་གནས་ཁག་གི་དང་བླངས་པ་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་དུ་གནོད་ཐེབས་ས་ཁུལ་དུ་བསྐྱོད་དེ་དངོས་རྫས་འགྲེམས་སྤྲོད་དང་། མང་ཚོགས་ལ་སེམས་ནད་གསོ་བ། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ལ་སོགས་པའི་ལས་དོན་སྒྲུབ་རོགས་བྱེད་ཀྱི་ཡོད། མིག་སྔའི་བར་དུ་གནོད་སེལ་རོགས་སྐྱོར་ཁག་ཛ་དྲག་ཆེ་ཞིང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། གེགས་རྗེས་བསྐྱར་སྐྲུན་སོགས་རྗེས་མཐུད་ཀྱི་ལས་དོན་ཡང་རིམ་བཞིན་སྤེལ་བཞིན་ཡོད་པ་རེད།
    【1】  【2】  【3】  【4】
    ༄༅།།སི་ཁྲོན་ཞིང་ཆེན་ཞུས་ཡུང་རྫོང་རུ་དྲག་ཆར་བབ་ནས་ཆུ་ལོག་གནོད་འཚེ་བྱུང་བ་ལས་
མི་11རྐྱེན་ལམ་དུ་ཤོར་བ་ངོས་འཛིན་ངེས་གཏན་བྱས་པ་དང་
ད་དུང་མི་13འབྲེལ་ཐག་ཆད་པ།
      

    ཕྱོགས་བསྡུས་གསར་འགྱུར།