འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།མཐོ་སྒང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་20ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཐོ་སྒང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར།
         ཟླ་8ཚེས་18ཉིན་ཉིན་10རིང་གི་ལྷ་སའི་སྐབས་གཉིས་པའི་ལུས་རྩལ་གྱི་རྒྱན་ཤོག་བུམ་པའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར་མཇུག་བསྒྲིལ་ཞིང་།  ལྷ་ས་གྲོང་ཁྱེར་མཐའ་སྐོར་གྱི་རྫོང་6དང་ལྷ་ས་གྲོང་ཁྱེར་གྱི་ལས་ཁུངས་སོ་སོའི་ལས་ཞོར་རྐང་རྩེད་སྤོ་ལོའི་རུ་ཁག་16ད་ལོའི་འགྲན་བསྡུར་ནང་ཞུགས་པ་རེད། ལྷ་ས་གྲོང་ཁྱེར་ཁོངས་འདམ་གཞུང་རྫོང་གི་རྐང་རྩེད་སྤོ་ལོ་རུ་ཁག་གིས་གཏིང་རྩོད་འགྲན་བསྡུར་ཁྲོད་སྐར་གྲངས་1:0ཡི་ཐོག་ནས་ཁྲེང་ཀོན་ཆུས་རུ་ཁག་ཕམ་པར་བྱས་ནས་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ་རེད། ད་ལོའི་ཞོ་སྟོན་དུས་ཆེན་གྱི་གྲུབ་ཆ་ཞིག་ཡིན་པའི་སྐབས་འདིའི་རྐང་རྩེད་སྤོ་ལོའི་རིམ་མཚུངས་འགྲན་བསྡུར་དེས་ལྷ་སའི་རྐང་རྩེད་སྤོ་ལོ་ལ་དགའ་པོ་བྱེད་མཁན་མང་པོ་ཞིག་བཀུགས་ནས་འགྲན་བསྡུར་ནང་ཞུགས་ཡོད་ལ།  རྒྱུན་ལྡན་གྱི་ཇ་མ་དང་། ཁ་ལོ་བ། གཞུང་ལས་པ་སོགས་སྐབས་འདིར་ཚང་མ་རྐང་རྩེད་སྤོ་ལོའི་ཐང་གི་འཐབ་འཛིང་པར་གྱུར་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།མཐོ་སྒང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར།
      

    ཕྱོགས་བསྡུས་གསར་འགྱུར།