འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ལྟ་སྐོར་སྣེ་ཤན་པ་དགེ་འདུན་ཉི་མ་ཚེ་རིང་།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་19ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ལྟ་སྐོར་སྣེ་ཤན་པ་དགེ་འདུན་ཉི་མ་ཚེ་རིང་།
         མི་དམངས་དྲ་བའི་འཕྲིན། ཉི་མ་ཚེ་རིང་ནི་1967ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁོངས་ལྷན་གྲུབ་རྫོང་ནས་སྐྱེས་ཤིང་། 1985ལོར་འབྲས་སྤུངས་དགོན་པར་སྐྲ་ཕུད་བཅད་དེ་རབ་ཏུ་བྱུང་བ་དང་། ཆོས་མིང་ལ་ངག་དབང་འཇིགས་མེད་ཅེས་པ་ཐོབ། 1989ལོར་ཉི་མ་ཚེ་རིང་པེ་ཅིན་དུ་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་པས་གསར་དུ་འཛུགས་གཉེར་གནང་བའི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་པ་དང་། དེའི་རྗེས་ཁོང་གིས་ལྷ་ལྡན་གཙུག་ལག་ཁང་དུ་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་སྣེ་ལེན་ལས་ཀ་གནང་བ་རེད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟ་སྐོར་བ་དང་དད་ལྡན་པ་རྣམས་ལ་བོད་ཀྱི་རིག་གནས་དང་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་མཚམས་སྦྱོར་སྔར་ལས་ལེགས་པར་བྱེད་ཕྱིར་ཉི་མ་ཚེ་རིང་གིས་ནང་བསྟན་རིག་པ་སློབ་སྦྱོང་གནང་བ་དང་དུས་མཚུངས་སུ་རྒྱ་སྐད་དང་དབྱིན་ཇིའི་སྐད་སློབ་སྦྱོང་བྱང་ཆུབ་པ་གནང་བ་རེད། ཉི་མ་ཚེ་རིང་གིས་རང་ཉིད་ལ་ནང་བསྟན་རིག་པའི་ཤེས་བྱའི་རྨང་གཞི་དང་ལོ་རྒྱུས་དང་རིག་གནས་ཀྱི་ཤེས་བྱ་གཏིང་ཟབ་པོ་ཡོད་པར་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་རྣམས་ལ་གནས་བཤད་ཞིབ་གསལ་གནང་བས། ཕྱོགས་གང་ཐད་ཀྱི་བསྟོད་བསྔགས་རྒྱ་ཁྱབ་ཐོབ་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།ལྟ་སྐོར་སྣེ་ཤན་པ་དགེ་འདུན་ཉི་མ་ཚེ་རིང་།
      

    ཕྱོགས་བསྡུས་གསར་འགྱུར།