འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐད་ཀྱི་རྣམ་པ་གསར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་24ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐད་ཀྱི་རྣམ་པ་གསར་པ།
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱིས་འཕྲོད་བསྟེན་ཐད་མི་དམངས་ལ་གཟིགས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ། འཕྲིན་སྦྲེལ་དྲ་བའི་རྒྱང་བསྟེན་སྨན་བཅོས་ལ་སོགས་པའི་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་པའི་ལག་ལེན་ལ་ཐོག་མའི་གྲུབ་འབྲས་ཐོབ་པ་རེད། གསར་འགོད་པས་གཞིས་ཀ་རྩེའི་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2014ལོའི་ཟླ་བ་8པ་ནས་བཟུང་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཏུང་གསར་སྤེལ་ཁུལ་མི་དམངས་སྨན་ཁང་གིས་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་ལ་ལག་རྩལ་ཐོག་ནས་རྒྱབ་སྐྱོར་བྱས་ཏེ་རྒྱང་བསྟེན་སྨན་བཅོས་སྒྲིག་ཆས་བཙུགས་པ་ནས་བཟུང་ས་གནས་དེ་གའི་སྨན་བཅོས་མི་སྣ་ཚོར་དམིགས་ནས་རྒྱང་བསྟེན་སློབ་གསོ་གསོ་སྐྱོང་སྦྱོང་བརྡར་ལས་དོན་སློབ་དུས་ཐེངས་མང་སྤེལ་བ་མ་ཟད། ད་ལོའི་ཟླ་བ་10པའི་གོང་དུ་འཕྲིན་སྦྲེལ་དྲ་བའི་རྒྱང་བསྟེན་སྨན་བཅོས་སྒྲིག་ཆས་ནད་ཐོག་སྨན་བཅོས་བྱེད་པར་བཀོལ་སྤྱོད་བྱ་རྒྱུ་རེད། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྨན་བཅོས་ལས་ཁུངས་ཡོད་དོ་ཅོག་གིས་མུ་མཐུད་དེ་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། བེད་སྤྱོད་བྱས་ཚད་70%ཡན་ཟིན་པས། མི་དམངས་མང་ཚོགས་ཀྱི་སྨན་རྫས་ཐད་ཀྱི་གཏོང་སྒོ་མུ་མཐུད་ནས་ཉུང་དུ་སོང་བ་རེད། གཞིས་ཀ་རྩེའི་རྒྱལ་རྩེ་རྫོང་མི་དམངས་སྨན་ཁང་དུ་ནད་པས་སྨན་ཡོན་རྩིས་ཞུ་བྱེད་སྐབས་ཀྱི་འགྲོ་ལུགས་སྣ་ཚོགས་མེད་པར་བཟོས་ཏེ་ཐད་ཀར་སྨན་ཁང་ལ་རྩིས་ཞུ་བྱས་ཆོག་པ་མ་ཟད། སྨན་པ་བསྟེན་སྐབས་གཏའ་དངུལ་སྤྲོད་མི་དགོས་པའི་ལམ་ལུགས་ལག་བསྟར་ཡང་བྱས་ཏེ་ནད་པས་སྨན་པ་བསྟེན་པའི་འགྲོ་སོང་15%ལས་སྤྲོད་མི་དགོས་པ་རེད། བོད་ལྗོངས་ཞིང་འབྲོག་ཁུལ་དུ་དམིག་བསལ་གྱི་སྨན་ཡོན་མི་དགོས་པའི་སྨན་བཅོས་ལམ་ལུགས་བཙུགས་པ་དེས་བོད་ལྗོངས་ཡོངས་ཀི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་རྣམས་ཀྱིས་རིན་པ་མི་དགོས་པར་ལུས་ཁམས་ཞིབ་བཤེར་གྱི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པར་གྱུར་པ་དང་། 2012ལོ་ནས་ད་བར་སྲིད་ཇུས་འདི་ལག་ལེན་བསྟར་རེས་གསུམ་འཁོར་བ་རེད། 
    ༄༅།།བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐད་ཀྱི་རྣམ་པ་གསར་པ།
    ༄༅།།བོད་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐད་ཀྱི་རྣམ་པ་གསར་པ།
      

    ཕྱོགས་བསྡུས་གསར་འགྱུར།