འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་རྩོམ་བསྡུ་བརྡ་ཐོ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་06ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཡིན་ལ། ལོ་ངོ་ལྔ་བཅུའི་རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འོག བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། དམངས་འཚོ། རིག་གནས་སོགས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་ཡོད།
             འདིར་མི་དམངས་ཉིན་རེའི་ཚགས་པར་ཁང་མི་དམངས་དྲ་བ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་གཉིས་ཀྱིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་སྟོབས་ཤུགས་འབུལ་རྒྱུར་སྐུལ་ལྕག་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་ཕྱོགས་ནས”བོད་རང་སྐྱོང་ལྗོངས་ཀྱི་ཁ་སང་དང་དེ་རིང"ཞེས་པ་བརྗོད་གཞིར་བྱེད་པའི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་སྤེལ་རྒྱུ་ཡིན།
    རྩོམ་ཡིག་བསྡུ་བའི་ཆ་རྐྱེན།
             འབྲི་མཁན། བོད་རང་སྐྱོང་ལྗོངས་ནས་ཡིན་པའི་རྒན་གཞོན་གང་རུང་། རྩོམ་ཡིག་གི་གཤམ་དུ་རང་ཉིད་ཀྱི་ངོ་སྤྲོད་མདོར་ཙམ་དང་ད་སྐབས་ཀྱི་སྡོད་གནས། འབྲེལ་གཏུགས་ཁ་པར་སོགས་བོད་རྒྱ་ཡི་གེ་གཉིས་ནས་གསལ་པོ་བྲི་དགོས།
             རྩོམ་ལུས། བཅད་ལྷུག་སྤེལ་མ་གང་རུང་ཡིན་ཆོག་པ་དང་། གློག་རྡུལ་གྱི་ལམ་ནས་ངེད་ཀྱི་ཡིག་སྒམ་དུ་བསྐུར་དགོས།
             ནང་དོན། “བོད་རང་སྐྱོང་ལྗོངས་ཀྱི་ཁ་སང་དང་དེ་རིང”ཞེས་པ་བརྗོད་གཞི་དམ་པོར་བཟུང་ནས་བོད་རང་སྐྱོང་ལྗོངས་ཀྱི་ཡར་ཐོན་འཕོ་འགྱུར་བརྗོད་དགོས་པ། གཞན་རང་ཉིད་ཀྱིས་ལོ་རྒན་པོ་ཚོའི་ཁ་ནས་ཐོས་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་གཏམ་རྒྱུད་ཀྱི་ཆ་ནས”བོད་རང་སྐྱོང་ལྗོངས་ཀྱི་ཁ་སང་དང་དེ་རིང”ཞེས་པའི་བརྗོད་གཞི་དེ་ཡང་བརྗོད་ཆོག་པ།
             ཡིག་འབྲུ། ལྷུག་རྩོམ་རིགས་ལ་ཡིག་འབྲུ་800ཡི་ཡན་ཡིན་དགོས་པ་དང་། སྙན་ངག་གི་རིགས་ལ་ཡིག་འབྲུའི་ཚད་བཀག་མེད་པ།
             རྩོམ་བསྡུའི་དུས་ཚོད། སྤྱི་ཟླ་8ཚེས་6ཉིན་ནས་སྤྱི་ཟླ་8ཚེས་31ཉིན་བར།
    གཟེངས་རྟགས་སྤྲོད་ལུགས།
             ཨང་དང་པོ།  མི་གཅིག   གཟེངས་རྟགས་སུ་མི་དམངས་ཤོག་སྒོར་༡༠༠༠
             ཨང་གཉིས་པ།  མི་གསུམ།   གཟེངས་རྟགས་སུ་མི་དམངས་ཤོག་སྒོར་༨༠༠
             ཨང་གསུམ་པ།  མི་ལྔ།   གཟེངས་རྟགས་སུ་མི་དམངས་ཤོག་སྒོར་༥༠༠
             རྟིང་སྐུལ་བྱ་དགའ།  མི་བཅུ། གཟེངས་རྟགས་སུ་མི་དམངས་དྲ་བའི་ལེགས་སྐྱེས་སྤྲོད་རྒྱུ་ཡིན་པ།
    རྩོམ་ཡིག་བསྐུར་ཡུལ།
             གློག་རྡུལ་ཡིག་སྒམ། tibet@people.cn、2083958102@qq.com
             འབྲེལ་གཏུགས་ཁ་པར། 010-65368367、010-58336074
    གསལ་བཤད།
              བསྐུར་ཡོང་བའི་རྩོམ་ཡིག་རང་ཉིད་ཀྱིས་བྲིས་པ་ཡིན་པ་ལས་གཞན་ནས་བཤུ་བ་སོགས་ཡིན་མི་ཆོག རྩོམ་ཡིག་ལེགས་གྲས་རིགས་མི་དམངས་དྲ་བ་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་སྤེལ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།