འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་19ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།རང་རྒྱལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བཤད་པ།
         མི་དམངས་དྲ་བའི་འཕྲིན། པར་རིས་འདི་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་ན་ཆུ་ཐང་སློབ་ཆུང་གི་བོད་རིགས་སློབ་མ་ཚོར་བོད་ཡིག་སློབ་ཚན་འཁྲིད་བཞིན་པ་རེད། ས་གནས་དེ་གའི་སློབ་གྲྭ་འབྲིང་ཆུང་དུ་སྤྱིར་བཏང་དུ་སློབ་རིམ་གསུམ་པའི་ཡན་གྱི་འཛིན་གྲྭར་བོད་ཡིག་སློབ་ཚན་ཁྲིད་དེ་སློབ་མ་ཚོར་གཞི་རྩའི་ཆ་ནས་བོད་སྐད་བཤད་ཅིང་གོ་བ་དང་བོད་ཡིག་འབྲི་ཀློག་ཤེས་པ་དང་། བོད་ཀྱི་སྐད་ཡིག་ཤེས་ཡོན་ཁྱབ་གདལ་དུ་གཏོང་གི་ཡོད་པ་རེད། མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་བྱིས་པ་ཚོས་ཀུན་ཕན་རང་བཞིན་གྱི་སློབ་ན་མ་སོན་གོང་གི་སློབ་གསོ་དང་ལེན་བྱེད་པའི་བསྡུར་ཚད་མཐོ་རུ་ཆེན་པོ་ཕྱིན་པ་དང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཚང་མ་སློབ་ཡོན་མི་དགོས་པར་སློབ་གྲྭར་ཞུགས་པ་མངོན་འགྱུར་བྱུང་ཞིང་། འབྲིང་རིམ་ཆེད་ལས་སློབ་གྲྭའི་གྲོང་གསེབ་ནས་ཡིན་པའི་སློབ་མ་དང་ཞིང་འབྲེལ་ཆེད་ལས་སློབ་གྲྭའི་སློབ་མ་ཚང་མ་སློབ་ཡོན་མི་དགོས་པར་སློབ་གྲྭར་ཞུགས་པ་མ་ཟད་འཚོ་བའི་རོགས་དངུལ་ཡང་སྤྲོད་ཀྱི་ཡོད་པ་རེད། 2002ལོར་རྒྱལ་ཡོངས་མི་རིགས་སློབ་གསོའི་ལས་དོན་སྐོར་གྱི་གྲོས་ཚོགས་ཐེངས་ལྔ་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་རྒྱལ་ཁབ་ཀྱི་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་མི་རིགས་ས་ཁུལ་ལ་དམིགས་བསལ་གྱི་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་ཐབས་ལག་ལེན་བསྟར་བ་དང་། སློབ་གསོའི་ཐད་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཞིང་། མི་རིགས་ཁག་གི་སློབ་མ་ཚོ་དྲང་སྙོམས་ངང་སློབ་གསོ་དང་ལེན་བྱེད་དབང་འགན་སྲུང་ཏན་ཏིག་བྱས་པས། གྲངས་ཉུང་མི་རིགས་ཀྱི་སློབ་མ་རྣམས་ལ་“གནམ་སྔོན་པོའི་འོག་གི་མི་རྣམས་ཚང་མས་དཔྱིད་ཀྱི་དཔལ་ཡོན་མཉམ་དུ་རོལ་”བའི་སློབ་གསོའི་དྲོ་སྐྱིད་ལྡན་པའི་མྱོང་ཚོར་གཏིང་ཟབ་པོ་བྱུང་བ་རེད།
    ༄༅།།རང་རྒྱལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བཤད་པ།
    ༄༅།།རང་རྒྱལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བཤད་པ།
      

    ཕྱོགས་བསྡུས་གསར་འགྱུར།