འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་
    ལས་སྒྲུབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 17:07】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་
ལས་སྒྲུབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་ལས་སྒྲུབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད།
           ལི་ཁེ་ཆང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་འཐུས་མི་རྣམས་ལ་རྟེན་འབྲེལ་ཞུས་པར་མ་ཟད་རྒྱལ་ཡོངས་ཀྱི་རྩིས་བཤེར་ལས་སྒྲུབ་པ་རྣམས་ལ་མཛའ་བརྩེ་ངང་འཚམས་འདྲི་དང་ལོ་གསར་བར་བཀྲ་ཤིས་བདེ་ལེགས་ཞུས། ཁོང་གིས་གསུངས་རྒྱུར། ད་ལོར་རྩིས་བཤེར་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ཏེ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་པ་དང་། ཧུར་ཐག་སྒོས་རྩིས་བཤེར་ལྟ་རྟོག་བྱ་བར་ཤུགས་བསྣན་ཞིང་། སྤྱི་བའི་མ་དངུལ་དང་རྒྱལ་དབང་མ་རྩའི་ཐོན་ཁུངས་ཀྱི་རྩིས་བཤེར་དང་དབང་ཆ་འཁོར་སྐྱོད་ལྟ་རྟོག་བྱ་བ་བཟང་བོར་བསྒྲུབས་ནས་རྩིས་བཤེར་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ་དང་། བཅོས་སྒྱུར་འཕེལ་རྒྱས་ཀྱི་སྲིད་ཇུས་གལ་ཆེན་དངོས་འབེབས་བྱེད་པ་དང་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་ཆེན་པོ་བཏོན་ཡོད།
             ལི་ཁེ་ཆང་གིས་གནས་བབ་གསར་བའི་འོག་གི་རྩིས་བཤེར་བྱ་བ་བཟང་བོ་བསྒྲུབ་རྒྱུ་དེ་རྒྱ་ཆེའི་རྩིས་བཤེར་བྱ་བ་སྒྲུབ་མཁན་གྱི་ཕྲག་ཏུ་བབས་པའི་ལས་འགན་ཡིན་པ་དང་གཟི་བརྗིད་ལྡན་པའི་འགན་འཁྲི་ཡང་ཡིན་ཞེས་གསུངས། ཁོང་གིས་ཚང་མར་ཐུགས་རེ་གསུམ་བཏོན་པ་སྟེ། གཅིག ཁྱོན་ཡོངས་ལ་དམིགས་ཤིང་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས་སྲིད་ཇུས་གལ་ཆེན་དངོས་འབེབས་བྱེད་པའི་ལྟ་རྟོག་ཞིབ་བཤེར་མཁན་བཟང་བོ་བྱེད་དགོས། གཉིས། སྤྱི་བའི་མ་དངུལ་བཀོལ་སྤྱོད་བྱེད་པར་ལྟ་རྟོག་གང་ལེགས་བྱས་ནས་མི་དམངས་ཁེ་ཕན་གྱི་བརྩི་སྲུང་མཁན་བཟང་བོ་བྱེད་དགོས། གསུམ། བྱང་ཚད་མཐོ་ཞིང་བྱེད་སྒོ་ལ་བྱང་ཆུབ་པ་དང་། སྤྱོད་ཚུལ་ལེགས་ཤིང་འཐབ་འཛིང་བྱེད་ཕོད་པ་བཅས་ཀྱི་རྩིས་བཤེར་སྟོབས་ལྡན་དམག་དཔུང་ཞིག་གསར་སྐྲུན་བྱེད་དགོས།
    ༄༅།།ལི་ཁེ་ཆང་གིས་རྒྱལ་ཡོངས་རྩིས་བཤེར་ལས་ཁུངས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་
ལས་སྒྲུབ་པའི་འཐུས་མི་ལ་མཇལ་འཕྲད་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།