འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྟ་སྐོར་ཚོགས་པ་པེ་ཅིང་
    དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྟ་སྐོར་ཚོགས་པ་པེ་ཅིང་
དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བོད་ཁུལ་གྱི་གཞི་རིམ་ལས་བྱེད་པ་ཚོས་མེས་རྒྱལ་ནང་ལོགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྤྱི་ཚོགས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་ཚུལ་སྔར་ལས་གསལ་པོར་རྟོགས་པར་བྱ་ཆེད། ༢༠༡༤ལོའི་ཟླ་༡༢ཚེས་༡༤ཉིན་ནས་ཚེས་༢༢ཉིན་བར་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྟ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ཏེ་པེ་ཅིང་གྲོང་ཁྱེར་དང་ཅང་སུའུ་ཞིང་ཆེན་དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། འདི་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་བོད་ཁུལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚོ་ནང་ལོགས་ས་ཁུལ་དུ་ལྟ་སྐོར་བྱེད་པར་བསྐྱོད་པའི་སྒྲིག་འཛུགས་དུས་ཐེངས་བརྒྱད་པ་གནང་བ་རེད། དུས་ཐེངས་འདིའི་ལྟ་སྐོར་ཚོགས་པའི་ཚོགས་མི་ནི་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་ཁུལ་དང་། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ་སོགས་ཀྱི་ཁྱོན་བསྡོམས་མི་༤༧ཡོད་པ་དང་། པེ་ཅིང་དུ་ལྟ་སྐོར་བྱེད་སྐབས་ལྟ་སྐོར་ཚོགས་པ་ད་དུང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཕྱིན་ཏེ་ནང་བསྟན་སློབ་གླིང་གི་དགེ་སློབ་ཚོ་དང་བཞུགས་མོལ་གནང་བ་རེད།
    【1】  【2】  【3】  【4】  【5】
    ༄༅།།མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལྟ་སྐོར་ཚོགས་པ་པེ་ཅིང་
དུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།