འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་
    རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་
    བྱེད་པའི་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་
རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་
བྱེད་པའི་ཚོགས་ཆེན་འཚོགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2014ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་གལ་ཆེན་གྱི་དགོངས་པ་དང“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དང་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བཅས་བྱེད་པ་དང་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་ཡོད།
            ཁྲེན་ཆོན་གོས་གསུང་བཤད་གནང་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་མཐོ་ཚད་ཐོག་ནས་ཐབས་ཇུས་གལ་ཆེན་ཞིག་བཏོན་པ་ཞིག་ཡིན་པ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། མེས་རྒྱལ་གཅིག་གྱུར། མི་རིགས་མཐུན་སྒྲིལ་བཅས་ལ་སྲུང་སྐྱོང་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཡོད། ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་སྐུལ་འདེད་ཧུར་ཐག་དང་མཐུན་སྦྱོར་ཧུར་ཐག་བྱེད་པ། དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་ཁག་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པ་ཚོས་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་ལས་དོན་ཏན་ཏིག་སྤེལ་བ། རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་ཚོས་དང་ལེན་ཧུར་ཐག་ཞུས་པ་དང་དེའི་ནང་རང་འགུལ་ངང་ཞུགས་ནས་གཏོད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྤྲོ་སེམས་ཇེ་ཆེར་འཕེལ་བ་དང་། ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་ལ་སྐུལ་མ་ནུས་ལྡན་ཐེབས་པ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་མུ་མཐུད་ཞི་མཐུན་བརྟན་ལྷིངས་ཡོང་རྒྱུར་སྐུལ་མ་ཐེབས་ཡོད། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འདེམས་བྱེད་སྒོ་སྤེལ་བ་ནི་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་བོད་ཀྱི་དོན་དངོས་དང་འཚམས་པ། དམངས་འདོད་དང་མཐུན་པ་དང་ཕུགས་ལ་ཕན་པ། རྦད་དེ་ཡང་དག་དང་ཧ་ཅང་དགོས་ངེས་བཅས་ཡིན་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་ནས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་གདེང་འཇོག་དང་ཁས་ལེན་གང་ལེགས་ཐོབ་པ་དང་། རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་དང་མི་རིགས་ཁག་གི་མང་ཚོགས་ཚོའི་མགྲིན་གཅིག་ཏུ་བརྩི་བཀུར་དང་ཡོངས་ཁྱབ་ཏུ་བསྔགས་བརྗོད་ཐོབ་ཡོད་ཅེས་བསྟན་པ་རེད། 
            ཁྲེན་ཆོན་གོས་རིམ་ཁག་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་ནི་གཏོད་འདེམས་བྱེད་སྒོའི་ནང་ཐད་ཀར་ཞུགས་མཁན་དང་། ཞིབ་ཕྲའི་སྒྲིག་འཛུགས་བྱེད་མཁན། སྐུལ་འདེད་ངོ་མ་གཏོང་མཁན་བཅས་ཡིན་པས་སྔར་བས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གསར་འབྱེད་གསར་གཏོད་བྱེད་པ། ཞབས་ཞུ་གཏིང་ཟབ་ཏུ་གཏོང་བ། དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་སྟེ། གཅིག་ནས་སློབ་གསོར་བྱ་ཐབས་གསར་པ་ཡོད་དགོས། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། བྱེད་སྟངས་ལེགས་སུ་གཏོང་བ། འདྲེན་གཞི་གསར་གཏོད་བྱེད་པ། དཔེ་མཚོན་གྱིས་དཔེ་སྟོན་བཅས་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེ་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་། ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་། བོད་བརྒྱུད་ནང་བསྟན་གྱི་ཡར་ཐོན་སྡོམ་ཁྲིམས་སྙིང་པོ་དང་། བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ། རྒྱལ་གཅེས་ཆོས་གཅེས་ཀྱི་ཡར་ཐོན་མི་སྣའི་སྔོན་ཐོན་བྱས་རྗེས་བཅས་ལ་སློབ་སྦྱོང་བཅས་བྱས་ཏེ་གྲྭ་བཙུན་ཚོར་རང་རྟོགས་ངང་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེར་རེ་སྨོན་བཅས་ཀྱི་ཁྲིད་སྟོན་བྱེད་པ་དང་། གཉིས་ནས་དོ་དམ་ལ་ཡར་རྒྱས་གསར་པ་དགོས། དགོན་སྡེའི་གྲྭ་བཙུན་གྱི་གཙོ་གཟུགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དོ་དམ་ལམ་ལུགས་ཅན་དང་། ཞིབ་ཕྲ་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་མ་གཏོང་བ་དང་། དགོན་སྡེའི་དོ་དམ་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་དགོས་པ། གསུམ་ནས་ཞབས་ཞུར་ཤུགས་སྣོན་གསར་པ་ཐེབས་པ་བྱེད་དགོས། ཕྱོགས་གཅིག་ནས་བྱ་ཐབས་དོན་འཁྱོལ་དང་ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ“གཅིག་དྲུག”དང་། “ཡོད་པ་དགུ”“ཁྱབ་པ་གཅིག”རིན་མེད་བདེ་ཐང་བརྟག་དཔྱད་སོགས་དགོན་ཕན་གྲྭ་ཕན་གྱི་བྱ་ཐབས་ཆད་ལུས་མེད་པར་དོན་འཁྱོལ་ལེགས་པར་བྱས་ཏེ་གྲྭ་ཤག་ཉམས་གསོ་བྱ་རྒྱུ་དེ་འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་འཆར་གཞི་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་ས་གནས་དེ་གའི་རིག་དངོས་སྲུང་སྐྱོབ་འཆར་འགོད་ནང་བཅུག་ནས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་། གྲྭ་བཙུན་གྱི་སྒོམ་སྒྲུབ་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་མི་རྩ་བར་འཛིན་པ་དང་། མི་ཆོས་ཀྱི་སེམས་ཁུར་ལ་དོ་སྣང་བྱས་ཏེ་བརྩེ་སེམས་དང་། བྱམས་སྐྱོང་། ཟོལ་མེད་བཅས་ཀྱི་སྒོ་ནས་གྲྭ་བཙུན་གྱི་སྒོམ་སྒྲུབ་དང་། དཔེ་སྦྱོང་། འཚོ་བ། ཁྱིམ་ཚང་བཅས་ནང་གི་དཀའ་ངལ་དངོས་སེལ་རོགས་བྱེད་པ། བཞི་ནས་བྱང་ཚད་མཐོ་པོ་གསར་པ་ཡོད་དགོས། འཇོན་ཐང་ཆེ་རུ་བཏང་སྟེ་སྲིད་ཇུས་ཤེས་ལ་བཅའ་ཁྲིམས་ཀྱང་ཤེས་པ་དང་། ཆོས་ལུགས་ཤེས་ལ་དོ་དམ་ཡང་ཤེས་པ། འགན་འཁྲི་འཁུར་ཕོད་པ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ། གཟུགས་བརྙན་ཡག་པོ་བཙུགས་ནས་དགོན་སྡེར་བཅའ་སྡོད་ཀྱི་ལས་ཀའི་སྲུང་བྱ་ནན་པོ་སྲུང་བ་དང་། དགོན་སྡེའི་སྒྲིག་སྲོལ་དང་། གྲྭ་བཙུན་གྱི་གོམས་གཤིས་ལ་བརྩི་འཇོག་བྱེད་པ། སྒྲིག་ལམ་ཁག་བརྩི་བཀུར་ནན་པོ་ཞུ་བ་བཅས་བྱས་ཏེ་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་གཟུགས་བརྙན་ཡག་པོ་འཛུགས་པ་བཅས་བྱེད་དགོས་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།