ཕྱོགས་བསྡུས་གསར་འགྱུར།
2014ལོའི་ཟླ་12ཚེས་29ཉིན།
ས་ཡོམ་རྗེས་ཀྱི་མི་ཉག་རྫོགས་ཆེན་སློབ་གྲྭ།
ས་ཡོམ་རྗེས་ཀྱི་མི་ཉག་རྫོགས་ཆེན་སློབ་གྲྭ།

ས་ཁུལ་རགས་བཤད།

དར་རྩེ་མདོ།
དར་རྩེ་མདོ།
  • དར་རྩེ་མདོ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གནས་ཡུལ་ཡིན་པ་དང་། གནའ་སྔ་མོ་ནས་བཟུང་ཁམས་ཕྱོགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚོང་ལས། ཆ་འཕྲིན། འགྲིམ་འགྲུལ་བཅས་ཀྱི་ལྟེ་བ་ཡིན་པ་མ་ཟད། ད་དུང་བོད་རྒྱའི་བར་གྱི་ཇ་རྟ་ཚོང་འབྲེལ་གྱི་ལྟེ་བའང་ཡིན།
    མིག་སྔར་དར་མདོ་རྫོང་ཁོངས་སུ་གྲོང་རྡལ་གསུམ་དང་། ཤང་བཅོ་བརྒྱད་ཡོད་ཅིང་། ཡུལ་དེ་རུ་འཚོ་སྡོད་བྱས་པའི་མི་རིགས་གཙོ་བོ་ནི་བོད་རྒྱ་གཉིས་ཡིན་པ་དང་། གཞན་ཆའང་རིགས་དང་། ཧའེ་རིགས། མིའོ་རིགས། སོག་རིགས། ཐུའུ་ཅ་རིགས། ལི་སུའུ་རིགས། མན་ཇུ་རིགས། ཡའོ་རིགས། ཏུང་རིགས། འཇང་རིགས། པུའུ་ལང་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་སོགས་ཀྱང་འཚོ་སྡོད་བྱས་ཡོད།