འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ།
           གསར་འགོད་པས་སྤྱི་ཚེས༡༩ཉིན་ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྤྱིའི་རིང་ཚད་ལ་སྤྱི་ལེ༤༠༢ཡོད་པའི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཉེ་ལམ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་འདུག
          ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དེ་གངས་ཏེ་སི་དང་། གདང་ལ་རི་བོ། ཧི་མ་ལ་ཡ་བཅས་བར་གྱི་བོད་ལྗོངས་ལྷོ་ཕྱོགས་ཀྱི་གཞོང་ས་རུ་སྲིང་ཡོད་ཅིང་། ས་བབ་མཐོ་ཚད་མཚོ་ངོས་ལས་སྨི༢༨༠༠ནས་སྨི༣༧༠༠བར་ཡོད་ལ། ལམ་ཐིག་གཙོ་བོ་དེ་ལྷ་གཞིས་ལྕགས་ལམ་གྱི་ཤེལ་གོང་ས་ཚིགས་ནས་འགོ་བརྩམས་ཏེ། ལྷོ་ཕྱོགས་སུ་གངས་ཏེ་སི་ནས་ཡར་ཀླུང་གཙང་བོ་བརྒྱུད་དེ། གོང་དཀར་ནས་ཤར་ཕྱོགས་སུ་གྲ་ནང་རྫོང་དང་། སྣེ་གདོང་རྫོང་། ཟངས་རི་རྫོང་། རྒྱ་ཚ་རྫོང་། སྣང་རྫོང་། སྨན་གླིང་རྫོང་བརྒྱུད་དེ་ཉིང་ཁྲི་རུ་འབྱོར་ཡོད་པ་རེད།
           ཀྲུང་གོའི་ལྕགས་ལམ་སྤྱི་ཁྱབ་ཀུང་ཟིའི་འབྲེལ་ཡོད་འགན་འཁུར་བས་བཤད་པ་ལྟར་ན། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལེགས་འགྲུབ་བྱུང་རྗེས། བོད་ལྗོངས་ཀྱི་ལྕགས་ལམ་དྲ་བ་འཐུས་སྒོ་ཇེ་ཚང་དང་། ལམ་རྒྱུད་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་ལེགས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་། མི་རིགས་མཐུན་སྒྲིལ་བཅས་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
    ༄༅།།ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།