འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཀྲུང་དབྱང་དམག་ཨུ་ཡིས་༼ཏང་གི་
    བཀོད་འདོམས་ལ་ཉན་ཞིང་དམག་འཐབ་ཇུས་འགོད་མཁས་པའི་དམག་སྤྱིའི་ལས་ཁུངས་
    གསར་པ་འཛུགས་སྐྱོང་ཧུར་ཐག་བྱ་དགོས་པའི་སྐོར་གྱི་བསམ་འཆར་༽སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་ཆར་ཀྲུང་དབྱང་དམག་ཨུ་ཡིས་༼ཏང་གི་བཀོད་འདོམས་ལ་ཉན་ཞིང་དམག་འཐབ་ཇུས་འགོད་མཁས་པའི་དམག་སྤྱིའི་ལས་ཁུངས་གསར་པ་འཛུགས་སྐྱོང་ཧུར་ཐག་བྱ་དགོས་པའི་སྐོར་གྱི་བསམ་འཆར་༽སྤེལ་ཏེ་རིམ་པ་ཁག་གིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་དམག་ཨུའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་པོ་བྱ་དགོས་པ་དང་། དམག་དཔུང་སྟོབས་ཆེན་དུ་གཏོང་རྒྱུའི་དམིགས་ཡུལ་ལ་རྩེ་གཅིག་ཏུ་དམིགས་ནས་ཏང་གི་བཀོད་འདོམས་ལ་ཉན་ཞིང་དམག་འཐབ་ཇུས་འགོད་མཁས་པའི་དམག་སྤྱིའི་ལས་ཁུངས་གསར་པ་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་དམག་དཔུང་གིས་ཆ་འཕྲིན་ཅན་གྱི་ཆ་ཤས་དམག་འཁྲུག་ལས་རྣམ་པར་རྒྱལ་བར་སྒྲིག་འཛུགས་དང་བཀོད་འདོམས་བྱེད་ནུས་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།