འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་
    སྐོང་ཚོགས་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           ཟླ་12ཚེས་23ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་སྐོང་ཚོགས་གནང་ཞིང་། ཚོགས་འདུའི་ཐོག་འདི་ལོའི་དཔལ་འབྱོར་འཁོར་རྒྱུག་ལ་དབྱེ་ཞིབ་དང་ཕྱི་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་དང་། ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་དང་ཕྱི་ལོའི་སྔོན་རྩིས་བཀོད་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་པ། ཉིང་ཁྲིའི་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་སོགས་ལ་གྲོས་འཆམ་བྱས་པ་རེད།
           ཚོགས་འདུའི་ཐོག་འདི་ལོ་ཤར་ཚུན་རྒྱལ་ནང་གི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཀྱི་མདུན་དུ་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་པ་དང་། བརྟན་ཐོག་ཡར་བརྩོན་བྱ་རྒྱུའི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ། “འཛིན་ཐབས་ཆ་དྲུག་དང་། སྐུལ་འདེད་ཀྱི་བྱེད་ཐབས་དྲུག མ་མཐའི་མཚམས་ཐིག་གསུམ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་གཏན་འཁེལ་ཟིན་པའི་དམིགས་ཚད་ལས་འགན་ལ་དམིགས་ནས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རང་འགུལ་གྱིས་བྱས་རྗེས་བཞག་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་པ། དཀའ་གནད་ལས་སྒྲོལ་ཐབས་བྱས་པས་དཔལ་འབྱོར་ཐད་འདེགས་ཤུགས་ཆེ་བ་དང་། འཕེལ་རྒྱས་མགྱོགས་པ། སྣོད་བཅུད་ལེགས་པ། ཕན་འབྲས་ཆེ་བ། ལས་ཞུགས་ལེགས་པ། ཟོག་གོང་བརྟན་པ།  དམངས་འཚོ་ཏན་ཏིག་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཐོན་ཡོད། ལོ་སྟོད་དུ་གཏན་འཁེལ་བྱས་པའི་སྔོན་དཔག་དམིགས་ཚད་གཙོ་བོ་ལྟར་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གཏོང་འཇོག་དང་། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་མིའི་འཛད་སྤྱོད་རིན་གོང་བསྡུར་གྲངས་སོགས་དཔལ་འབྱོར་དམིགས་ཚད་མང་པོ་ཞིག་སྔོན་དཔག་བྱས་པ་ལས་ལེགས་པ་བྱུང་ཡོད་ཅེས་བསྟན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།