འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རྒྱལ་གཅེས་ཁྲིམས་སྲུང་གི་དགོན་སྡེ་དང་གྲྭ་བཙུན་ལ་གཟེངས་བསྟོད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་24ཉིན། 08:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བོད་ལྗོངས་ཀྱིས་རྒྱལ་གཅེས་ཁྲིམས་སྲུང་གི་དགོན་སྡེ་དང་གྲྭ་བཙུན་ལ་གཟེངས་བསྟོད་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་དུ་ཚོགས་འདུ་འཚོགས་ཏེ་འབྲས་སྤུངས་དགོན་པ་སོགས་ཞི་མཐུན་དཔེ་བཟང་དགོན་སྡེ་160དང་། བསྟན་འཛིན་སྐལ་བཟང་སོགས་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་8818ལ་གཟེངས་བསྟོད་བྱས། དེ་བཞིན་ཚོགས་འདུའི་ཐོག་2014ལོའི་བོད་རང་སྐྱོང་ལྗོངས་ཀྱི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་158དང་དགོན་སྡེར་བཅའ་སྡོད་དཔེ་བཟང་ལས་བྱེད་པ་900  ཆོས་ལུགས་ལས་དོན་སྒྲུབ་མཁན་གྱི་དཔེ་བཟང་ལས་བྱེད་པ་100བཅས་ལའང་གཟེངས་བསྟོད་གནང་བ་རེད།
    【1】  【2】
    ༄༅།།བོད་ལྗོངས་ཀྱིས་རྒྱལ་གཅེས་ཁྲིམས་སྲུང་གི་དགོན་སྡེ་དང་གྲྭ་བཙུན་ལ་གཟེངས་བསྟོད་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།