འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་༼སྔོན་ཐོན་གཉིས་ལྡན་དུད་སྦྲེལ་༽འཛུགས་སྐྱོང་གི་བྱེད་སྒོའི་
    གཟེངས་བསྟོད་ཚོགས་ཆེན་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་༼སྔོན་ཐོན་གཉིས་ལྡན་དུད་སྦྲེལ་༽འཛུགས་སྐྱོང་གི་བྱེད་སྒོའི་
གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་23ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སར་ལྗོངས་ཡོངས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་སྐྱོང་གི་བྱེད་སྒོའི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། བོད་ཡུན་རིང་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བཅས་བྱེད་པ་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པའི་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་ཁྲིད་སྟོན་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་དང་སྤྱི་ཚོགས་དུས་བབ་མུ་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད། 
          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་ཕེབས་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་2014ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་སྐྱོང་གི་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ། རང་སྐྱོང་ལྗོངས་དང་བོད་དམག་ཁུལ་ཁང་གི་འགོ་ཁྲིད་ཞུས་ཡུང་དང་། ཆེ་དགྲ་ལྷ། ཏུང་ཡུན་ཧུའུ། རྡོ་ཐོགས། ཏིང་ཡེ་ཤན། ཝང་གཡུང་ཅུན་སོགས་ཕེབས་པ་རེད། ཚོགས་ཞུགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
           ཁྲེན་ཆོན་གོས་གསུང་བཤད་གནང་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”དང་སྔོན་ཐོན་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ལོ་གཅིག་ནང་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་། དོན་འཁྱོལ་ནན་ཏན། དམངས་ཡོངས་ཞུགས་པ། ཇུས་ཤུགས་མཉམ་འདོན་བཅས་བྱས་ཏེ“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་སྐྱོང་གི་ལས་དོན་གཏིང་ཟབ་སྤེལ་ནས་ལས་དོན་ལ་སྐུལ་མ་དེ་བས་ནུས་ལྡན་དང་། འབབ་འཕར་ཕྱུག་འགྱུར་དེ་བས་ཡོང་བ། དུས་བདེའི་གཞི་རྩ་དེ་བས་བརྟན་པ། ཤེས་དཔལ་སྲོལ་བཟང་དེ་བས་ཟབ་པ། མང་ཚོགས་ཀྱི་སྤྲོ་སེམས་དེ་བས་འཕེལ་བ་བཅས་བྱས་ཏེ་འཛུགས་སྐྱོང་བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བྱས་ཡོད་ཅེས་བསྟན་གནང་ཡོད། 
          ཁྲེན་ཆོན་གོས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་སྐྱོང་བྱེད་སྒོ་སྤེལ་བ་དེ་ནི་མཆོང་སྐྱོད་ལྟ་བུའི་འབྱོར་འབྲིང་དོན་གཉེར་དང་བརྟན་ལྷིང་འགན་ལེན་དང་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཡུན་རིང་གི་ཐབས་ཇུས་དང་རྨང་གཞི་བརྟན་གཏོང་གི་བྱེད་ཐབས་ཤིག་ཡིན་པ་དེར་གསོན་ཉམས་དོད་པའི་ལག་ལེན་གྱི་ཁྱད་ཆོས་དང་སྲ་ཞིང་བརྟན་པའི་མང་ཚོགས་ཀྱི་རྨང་གཞི་ལྡན་ཡོད་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མཐའ་འཁྱོངས་ཡུན་རིང་བྱེད་དགོས། གཅིག་ནས་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གི་མཐོ་ཚད་དང་། དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་དང་ཞི་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་སྲུང་སྐྱོང་གི་མཐོ་ཚད། དམངས་འཚོ་ལེགས་གཏོང་འགན་ལེན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་མཐོ་ཚད་བཅས་ཀྱི་ཐོག་ནས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་སྐྱོང་བྱེད་སྒོའི་གལ་ཆེའི་དོན་སྙིང་ངོས་འཛིན་གང་ལེགས་ཀྱིས་བསམ་བློ་དང་ངོས་འཛིན་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱའི་ཐོག་སྔར་བས་གཅིག་གྱུར་ཡོང་བ་དང་འཛུགས་སྐྱོང་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་ནས་ལྗོངས་ཡོངས་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཐུན་སྒྲིལ་བརྟན་ལྷིང་གི་མང་ཚོགས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། གཉིས་ནས་གཙོ་གཟུགས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། འཛུགས་སྐྱོང་བྱེད་སྒོའི་གཙོ་གཟུགས་ཡིན་པའི་མི་རིགས་ཁག་གི་མང་ཚོགས་མངོན་གསལ་དོད་སར་བཞག་ནས་མི་རིགས་ཁག་གི་མང་ཚོགས་ནི་འཛུགས་སྐྱོང་བྱེད་སྒོའི་ནང་ཧུར་ཐག་ཞུགས་མཁན་ཞིག་ཡིན་པ་བྱེད་དགོས་ལ་འཛུགས་སྐྱོང་བྱེད་སྒོའི་གྲུབ་འབྲས་ཀྱི་ཕན་པ་ཐད་ཀར་ཐོབ་མཁན་ཞིག་ཀྱང་ཡིན་པ་བྱེད་དགོས། ཕྱོགས་གཅིག་ནས་མང་ཚོགས་ཀྱི་ཆེད་དུ་དང་མང་ཚོགས་ལ་ཞབས་འདེབས་ཞུ་བའི་འགག་རྩ་སྟངས་འཛིན་ནན་པོ་བྱས་ནས“གཉིས་ལྡན་དུད་སྦྲེལ”ལས་དོན་ནང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་དེ་བས་མང་བ་ཐོབ་པ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་དུད་སྦྲེལ་འབབ་འཕར་དང་དུད་སྦྲེལ་དུས་བདེ་ལྟེ་བར་བྱ་རྒྱུ་དམ་འཛིན་ནན་པོ་བྱས་ནས་དུད་སྦྲེལ་མང་ཚོགས་དབར་ཕན་ཚུན་ལེགས་ཆ་གསབ་རེས་དང་། ཕན་ཚུན་རོགས་རེས། མགྱོགས་མྱུར་འཕེལ་རྒྱས། ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་བཅས་ཡོང་རྒྱུར་ཁྲིད་སྟོན་དང་དུད་སྦྲེལ་མང་ཚོགས་དབར་ཕན་ཚུན་ལྟ་སྐུལ་དང་། ཕན་ཚུན་གཅུན་འདོམས། མཉམ་འགོག་མཉམ་བཅོས། ཐུན་མོང་ཐོག་དུས་བདེ་ཞི་མཐུན་གཏོད་རྒྱུར་ཁྲིད་སྟོན་བྱེད་དགོས་པ། གསུམ་ནས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། དུད་སྦྲེལ་སྤྱི་མི་གཙོ་གནད་དུ་བཟུང་རྒྱུ་མཐའ་འཁྱོངས་ཀྱིས་བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བསམ་བློ་ཆབ་སྲིད་དང་བྱ་སྤྱོད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གི་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱེད་པ་དང་། བཅའ་ཁྲིམས་ཤེས་བྱའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་ཀྱི་འདུ་ཤེས་དང་། བཅའ་ཁྲིམས་ཀྱི་བྱང་ཚད། ཁྲིམས་ལྟར་གནད་དོན་ཐག་གཅོད་བྱེད་ནུས་བཅས་མཐོ་རུ་གཏོང་བ། ལས་ཀའི་འཇོན་ཐང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དུད་སྦྲེལ་སྤྱི་མིའི་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། བཞི་ནས་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་འཛུགས་སྐྱོང་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་གཏོད་འདེམས་ལས་དོན་གཞུང་ལས་ཁང་གི་སྟོབས་ཤུགས་འཕེལ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགྲོ་གྲོན་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་ཀྱི་གཏོང་ཆ་ཇེ་ཆེར་བཏང་སྟེ་དངུལ་རྩའི་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་གིས་གྲངས་ཉུང་ཡིད་རྟོན་དངུལ་བུན་བཀོད་སྒྲིག་ཡག་པོ་བྱེད་པ་དང་སྤྱི་ཚོགས་ཀྱི་མ་དངུལ་དེ་བས་མང་བ་ཞིང་འབྲོག་ཁུལ་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ཞིང་འབྲོག་པ་ཕྱུག་པོ་ཆགས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པ། རྣམ་གྲངས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་གཞི་རིམ་ལ་ཕྱོགས་པ་དང་། ཞིང་འབྲོག་ཁུལ་དུ་ཕྱོགས་པ། ཞིང་འབྲོག་དབུལ་པོར་ཕྱོགས་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཚོར་ཕན་པ་དངོས་དེ་བས་མང་བ་ཐོབ་པ་བྱེད་དགོས་པ། ལྔ་ནས་ཟུང་འབྲེལ་དམ་ཟབ་བྱེད་དགོས་ཤིང་། ལས་བྱེད་པ་དང་གྲོང་ཚོར་བཅའ་སྡོད་ལས་དོན་དང་ཟུང་འབྲེལ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་དང་ཟུང་འབྲེལ། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་དང་ཟུང་འབྲེལ་བཅས་བྱས་ནས“གཉིས་ལྡན་དུད་སྦྲེལ”ལས་ཀའི་ནང་དོན་དང“གཉིས་ལྡན་དུད་སྦྲེལ”ལས་ཀའི་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས་པ། དྲུག་ནས་ལས་འགན་ལེགས་སྒྲུབ་བྱེད་དགོས་ཤིང་། རྒྱ་ཆེའི“གཉིས་ལྡན་དུད་སྦྲེལ”ཚན་པས་ལེགས་ཆ་དང་ནུས་པ་འདོན་སྤེལ་གང་ལེགས་ཀྱིས“དུད་སྦྲེལ་དུས་བདེ་དང་། དུད་སྦྲེལ་འབབ་འཕར”ནང་དོན་གཙོ་བོར་བྱས་ཏེ“བཅུ་སྦྲེལ”ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འགལ་ཟླ་དང་རྩོད་གཞི་མཉམ་བཤེར་མཉམ་འདུམ་དང་། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མཉམ་འགོག་མཉམ་སྡོམ། གཙོ་གནད་མི་སྣ་མཉམ་འདོམས་མཉམ་སློབ། དཀའ་ངལ་ཡོད་པའི་ཁྱིམ་ཚང་མཉམ་རོགས་མཉམ་སྐྱོར། ཁོར་ཡུག་འཕྲོད་བསྟེན་མཉམ་འདོམས་མཉམ་བཅོས། བསམ་པའི་རིག་གནས་མཉམ་རོལ་མཉམ་དར། ཚན་རྩལ་ཤེས་བྱ་མཉམ་སྦྱོང་མཉམ་སློབ། གྲངས་ཉུང་ཡིད་རྟོན་དངུལ་བུན་མཉམ་སྲུང་མཉམ་ཐེག ཕྱུག་འགྱུར་རྣམ་གྲངས་མཉམ་འཛུགས་མཉམ་གཉེར། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་གཏོད་མཉམ་སྤྱོད་བཅས་ཏན་ཏིག་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།