འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་
    གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་འབྲེལ་ཡོད་ལས་དོན་
    ལེགས་པར་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་༼2015ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་འབྲེལ་ཡོད་ལས་དོན་ལེགས་པར་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ་༽བཏང་།
          2015ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་ལས་དོན་ཁག་ལེགས་འགྲུབ་ཏན་ཏིག་བྱས་ཏེ་རྒྱལ་ཡོངས་མི་དམངས་ཀྱིས་དགའ་སྤྲོ་འཕེལ་ཞིང་བཀྲ་ལ་ཤིས་པའི་དུས་ཆེན་ཞིག་གཏོང་བའི་འགན་ལེན་ཏན་ཏིག་བྱ་ཕྱིར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་གནང་བ་བརྒྱུད་ད་ལྟ་འབྲེལ་ཡོད་དོན་ཚན་སྐོར་བརྡ་ཐོ་གཏོང་རྒྱུ་གཤམ་གསལ། གཅིག མང་ཚོགས་ལ་སེམས་འཁུར་སྤྱི་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་སེམས་འཁུར་བྱེད་པའི་ལས་དོན་ལེགས་འགྲུབ་ཏན་ཏིག་བྱ་དགོས་ཤིང་། ཏང་དང་སྲིད་གཞུང་གིས་གནང་བའི་དྲོ་སྐྱིད་མང་ཚོགས་ཀྱི་ཁྱིམ་དུ་བསྐྱལ་དགོས་པ་དང་། གཉིས། དུས་ཆེན་སྐབས་ཀྱི་ཚོང་ར་འཁོར་སྐྱོད་བརྟན་པོར་འགན་སྲུང་བྱ་དགོས་པ་དང་། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ།  གསུམ། དཔྱིད་ཀའི་སྐྱེལ་འདྲེན་ལས་ཀ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་འགྲུབ་བྱས་ཏེ་མང་ཚོགས་ཕྱོགས་ལ་ཐོན་སྐབས་སྟབས་བདེ་དང་བདེ་འཇགས་ཡོང་བར་བྱ་དགོས་པ། བཞི། ཉེན་མེད་ངང་ཐོན་སྐྱེད་ལས་སྒྲུབ་བྱེད་པར་དམ་འཛིན་ལེགས་པར་ཏན་ཏིག་བྱ་དགོས་པ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཤུགས་ཆེན་བྱ་དགོས་པ།  ལྔ། བསྲི་ཚགས་དང་ཡ་རབས་ཚུལ་ལྡན་དངོས་གཉེར་གྱིས་དུས་ཆེན་གཏོང་བ་མཐའ་འཁྱོངས་བྱས་ཏེ་ལོ་མཇུག་ལ་འགྲོ་སྒོ་མྱུར་གཏོང་བྱེད་ཚུལ་ལ་གཏན་འགོག་བྱ་དགོས་པ།  དྲུག  སྲིད་དོན་གཙང་སྐྱོང་བྱ་རྒྱུའི་གཏན་འབེབས་ཁག་ལག་ལེན་ནན་ཏན་བསྟར་ནས་“དུས་ཆེན་སྐབས་རུལ་སུངས་སུ་འགྱུར་བར་”གཏན་འགོག་མཐའ་གཅིག་ཏུ་བྱ་དགོས་པ། བདུན། ལས་རེས་བརྟན་སྲུང་དང་འཕྲལ་བསྟུན་ལས་ཀ་ལེགས་འགྲུབ་ནན་ཏན་བྱས་ཏེ་ལས་དོན་ཁག་རྒྱུན་སྲོལ་ལྟར་འཁོར་རྒྱུག་བྱེད་པར་འགན་ལེན་ཏན་ཏིག་བྱ་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།