འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོང་ཁུལ་དེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་
    སྙན་འབུལ་ཞུ་བའི་ལས་དོན་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 09:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་<<མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་འདི་ཉིད་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་སྙན་འབུལ་ཞུ་བའི་ལས་ཀའི་ཇུས་གཞི་>>པར་འགྲེམས་བྱས་པ་དེ་ཐོག་ནས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འདི་ཉིད་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་སྙན་འབུལ་ཞུ་བའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་པ་རེད།
         ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འདི་ཉིད་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་རྒྱུད་དུ་གནས་པ་དེའི་རྒྱ་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་༤.༥ཡོད་པ་དང་དེ་གའི་གཙོད་སོགས་ཀྱི་ཐོན་ཁུངས་རྩ་ཆེ་ལ་ཧ་ཅང་མཐོང་དཀོན་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་ཁྲོད་སྐད་གྲགས་ཆོད་ཚད་ཆེ་བ། སྲུང་སྐྱོང་བྱེད་ཚད་ཆ་ཚང་བ་བཅས་ཡོད་པས་འཛམ་གླིང་གི་རང་བྱུང་ཤུལ་བཞག་ལ་སྙན་འབུལ་ཞུ་བའི་ཆ་རྐྱེན་ཡོངས་སུ་འཛོམས་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཁུ་ཁུ་ཤི་རི་དང་། ཁུ་ནུ་རི་བོ།“གཙང་གསུམ་ཆུ་འགོ”ཚྭ་འདམ་གཤོང་ས། མཚོ་སྔོན་པོ་སོགས་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་སྙན་འབུལ་ཞུ་བའི་མིང་འདོན་གྱི་འོས་འདེམས་ཁུལ་ནས་རག་སྒྲུག་ནན་པོ་བྱས་ཏེ་མཐར་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་འདི་ཉིད་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཏུ་སྙན་འབུལ་ཞུ་རྒྱུའི་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།