འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དགུན་དུས་ཡུལ་སྐོར་ཁྲོམ་ར་སྔར་བཞིན་འཁྲུག་པོ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་25ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་དགུན་དུས་ཡུལ་སྐོར་ཁྲོམ་ར་སྔར་བཞིན་འཁྲུག་པོ་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་བཅུ་གཅིག་པ་འཆར་ཚུན། གནམ་གཤིས་རིམ་བཞིན་གྲང་དུ་ཕྱིན་རུང་བོད་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་ཏུ་སྔར་བཞིན་ཡུལ་སྐོར་བ་མང་པོ་ཡོད། ལོ་མང་རིང“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད”ཅེས་པ་སོགས་འོས་སྦྱོར་ངོ་སྤྲོད་བྱས་པ་དང་ཆབས་ཅིག་གངས་ལྗོངས་ས་མཐོའི་དགུན་དུས་ཡུལ་སྐོར་ཁྲོམ་ར་འཁྲུག་ཏུ་ཕྱིན་ཡོད། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་༡༢༨༤.༥༦ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་༡༦༣.༨༢བྱུང་བ་དེ་ན་ནིང་གི་དུས་མཚུངས་ལས་༡༨.༤%དང་༢༣.༦%འཕར་ནས་ཡུལ་སྐོར་ཁྲོམ་རའི་འཕེལ་ཕྱོགས་བཟང་པོ་ཡོད་ཅིང་། འདི་ནི་ཚེས་༢༡ཉིན་ཡུལ་སྐོར་བས་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་འཚང་ཁ་ཤིག་ཤིག་ངང་དྲན་རྟེན་པར་རྒྱག་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།