འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱོགས་སོ་སོ་ནས་སྟོབས་ཤུགས་གང་ཡོད་བཏོན་ཏེ་དར་མདོའི་གེགས་ཁུལ་ལ་རོགས་
    སྐྱོར་ཧུར་བརྩོན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་24ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༢༣ཉིན་དམངས་སྲིད་པུའུ་ནས་གནས་ཚུལ་ཤེས་གསལ། སི་ཁྲོན་ཞིང་ཆེན་དར་རྩེ་མདོ་རྫོང་ཁོངས་སུ་ས་ཡོམ་རིམ་པ་༦.༣བྱུང་བའི་གནོད་འཚེ་དང་གེགས་སེལ་བྱེད་ཚུལ་ལ་གཞིགས་ནས་ཟླ་༡༡ཚེས་༢༣ཉིན་གྱི་ཆུ་ཚོད་༡༠ཡི་སྐབས་སུ། རྒྱལ་ཁབ་གནོད་འཕྲི་ཨུ་ལྷན་དང་དམངས་སྲིད་པུའུ་ཡིས་ཛ་དྲག་ངང་རྒྱལ་ཁབ་ཀྱི་IVརིམ་པའི་གེགས་སེལ་འཕྲལ་བསྟུན་དང་ལེན་བྱེད་འགོ་བརྩམས་ནས་མགྱོགས་མྱུར་ངང་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་མངགས་གཏོང་བྱས་ཏེ་གེགས་ཁུལ་གྱི་གནས་ཚུལ་ལྟ་ཞིབ་དང་། དར་མདོའི་གེགས་ཁུལ་གྱིས་གནོད་ཕོག་མང་ཚོགས་གནས་སྤོ་བཀོད་སྒྲིག་ལས་དོན་སྒྲུབ་པར་རོགས་རམ་དང་མཛུབ་སྟོན་བྱེད་བཞིན་ཡོད།
         མིག་སྔར་དཀར་མཛེས་ཁུལ་གྱི་མི་གྲངས་༥༦༠༠ལྷག་ཙམ་གེགས་སེལ་རྒུད་སྐྱོབ་ལས་ཀར་ཞུཊ་ཡོད་པ་དང་། གེགས་ཁུལ་མང་ཚོགས་ལ་གུར་༧༩༣དང་། སྲིང་བལ་ཉལ་ཆས་༦༠༠༠ལྷག་ཙམ་སྤྲད་པ་མ་ཟད། གཏེར་ལྡན་ཆུ་དང་སྟབས་བདེ་ཐུག་པ་སོགས་འཚོ་བའི་མཁོ་རྫས་མང་པོ་འདོན་སྤྲོད་བྱས་པ་རེད། གཞན་ཡང་དཀར་མཛེས་ཁུལ་དང་དར་རྩེ་མདོ་རྫོང་གིས་འཕྲལ་བསྟུན་མ་དངུལ་སྒོར་ཁྲི་༧༠༠བཀོད་སྤྱོད་བྱས་པ་དང་། གེགས་སེལ་ལ་ཞལ་འདེབས་སུ་ཕུལ་བའི་མ་དངུལ་ཡང་སྒོར་ཁྲི་༡༠༠ལྷག་ཙམ་འབྱོར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།